ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༡༠

ཉི་ཧོང་གི་ཆབ་སྲིད་འཕོ་འགྱུར།


ཉེ་བའི་ལོ་ཤས་ཤིག་གི་ནང་ཚུད་དུ་ཉི་ཧོང་གི་སྲིད་བློན་ལ་འཕོ་འགྱུར་ཐེངས་ལྔ་སོང་བ་དང་། ཕྱི་ལོ་༢༠༡༠་མགོ་ཚུགས་ནས་ད་བར་ཉི་ཧོང་ལ་སྲིད་བློན་འཕོ་འགྱུར་ཐེངས་གསུམ་འགྲོ་གྲབས་ཡོད་པ་སྟེ། ཉི་ཧོང་གི་དམངས་གཙོ་གཞུང་འཛིན་ཚོགས་པའི་སྲིད་བློན་ནའོ་ཏོ་ཁན་གྱིས་སྲིད་དབང་བཟུང་ནས་ཟླ་བ་གསུམ་ལས་འགྲོ་གི་མེད་རུང་། ཁོང་ལ་རང་གི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་ངོ་ལོག་རྒྱག་རྒྱུའི་རྟགས་མཚན་མང་པོ་ཞིག་ཐོན་གྱི་ཡོད་པ་དང་། དཔེར་ན་ཉི་ཧོང་གི་དམངས་གཙོ་ཚོགས་པའི་དབང་འཛིན་པ་གཙོ་གྲས་ཨི་ཆི་རོ་ཨོ་ཟ་བའི་ལས་ཁུངས་སུ་དང་བླངས་པ་ཚོས་འོས་འདེམས་ཀྱི་ལས་འགུལ་ཞིག་འགོ་བཙུགས་ཏེ། ཁོང་ཚོས་ཉི་ཧོང་གི་གཞུང་འཛིན་དམངས་གཙོ་ཚོགས་པའི་ཚོགས་མི་ཚོར་ཁ་པར་གཏོང་བ་དང་། སྐུ་ཞབས་ཨོ་ཟ་བ་སྲིད་བློན་ལ་འདེམས་ཐོན་ཡོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་འབོད་སྐུལ་ཞུ་གི་ཡོད་པ་རེད།།

XS
SM
MD
LG