ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཉི་ཧོང་གི་ཡ་སུ་ཁུ་ཎི་ལྷ་ཁང་།


དེ་རོང་ཕྱི་ཟླ་༡༢་ཚེས་༢༦་ཉིན་ཉི་ཧོང་གི་སྲིད་བློན་ཤཱིང་ཟོ་ཨ་བྷེ་ཡ་སུ་ཁུ་ཎི་ལྷ་ཁང་ལ་ཕེབས་པ་དེར་རྒྱ་ནག་དང་ལྷོ་ཀོ་རི་ཡ། ད་དུང་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཉི་ཧོང་གི་བཙན་འཛུལ་མྱངས་པའི་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། སྲིད་བློན་ཨ་བྷེས་ང་ཡ་སུ་ཁུ་ཎི་ལྷ་ཁང་མཆོད་མཇལ་དུ་བསྐྱོད་པ་སྒེར་དོན་ཞིག་ཡིན། ངས་ཉི་ཧོང་རྒྱལ་ཁབ་ཀྱི་དོན་དུ་དམག་འཁྲུག་ཞུགས་ནས་ཚེ་སྲོག་ཤོར་པའི་འདས་པོ་ཚོར་རྗེས་དྲན་བྱས་པ་ལས་ང་ལ་རྒྱ་ནག་དང་ཀོ་རི་ཡའི་མི་དམངས་སོགས་ལ་ཕོག་ཐུག་གཏོང་འདོད་གཏན་ནས་མེད། ང་ལྷ་ཁང་དེར་སོང་བ་ཉི་ཧོང་རྒྱལ་ཁབ་འདི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཡོད་ཅེས་འགྲེལ་བཤད་བརྒྱབ་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་གཱང་གིས་སྲིད་བློན་ཨ་བྷེའི་འགྲེལ་བཤད་དེར་དགག་པ་བརྒྱབ་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG