ཟླ་བ་སྔོན་མ་རྒྱ་ནག་དང་ཉི་ཧོང་གཉིས་ཕན་ཚུན་ས་ཆའི་བདག་དབང་གི་རྩོད་རྙོག་བྱུང་པ་ནས་བཟུང་་རྒྱ་ནག་གིས་ཉི་ཧོང་ལ་གནད་འགག་ཆེ་བའི་ཅ་དངོས་ཕྱིར་ཚོང་བྱེད་རྒྱུར་དམ་བསྒྲགས་བྱས་པར་ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་ངོས་འཛིན་དང་སྦྲགས་ ཉི་ཧོང་གི་ཚོང་དོན་བློན་ཆེན་གྱིས་རྒྱ་ནག་ཕྱོགས་ནས་ཉི་ཧོང་ལ་ཕྱིར་ཚོང་བསྐྱར་གསོ་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད་པ་བཅས་ཀྱི་སྐོར།