ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༤/༢༠

དེ་སྔ་ཉི་ཧོང་གི་དཔོན་རིགས་གསོད་མཁན་ཀོ་རི་ཡའི་མི་དེར་དྲན་རྟེན་བརྒྱབས་པར་ངོ་རྒོལ།


ད་ནས་མི་ལོ་བརྒྱ་ཕྲག་གཅིག་གི་སྔོན་ལ་ཉི་ཧོང་གི་མཐོ་རིམ་གཞུང་འབྲེལ་དཔོན་རིགས་ཤིག་དམར་བསད་བཏང་མཁན་ཀོ་རི་ཡའི་ཡུལ་མི་དེའི་ཆེད་དུ་རྒྱ་ནག་གིས་དྲན་རྟེན་གྱི་ཚོགས་ཁང་བརྒྱབས་པར་གཟའ་ཟླ་བའི་ཉིན་ཉི་ཧོང་གིས་ངོ་རྒོལ་བྱས་ཏེ་ ཉི་ཧོང་ནས་ཀོ་རི་ཡའི་ཡུལ་མི་དེ་ནི་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་ཕྱོགས་མཚུངས་ད་རེས་རྒྱ་ནག་གི་བྱ་སྤྱོད་དེས་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཇེ་ཞེན་དུ་འགྲོ་བཞིན་པ་འདིར་གནོད་སྐྱོན་འཕར་མ་བཏང་ཡོག་རེད་ཅེས་རྗོད་ཀྱི་ཡོད་པ་བཅས་ཀྱི་སྐོར། འདིའི་ཐོག་རྒྱལ་སྤྱིའི་གསར་ཤོག་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG