ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་ནང་ཉི་ཧོང་ལ་ངོ་རྒོལ་བྱེད་ཀྱི་ཡོད་ནའང་ཉི་ཧོང་གིས་རྒྱ་ནག་དང་གྲོས་མོལ་ད་དུང་བྱེད་ཀྱི་ཡིན་ཟེར་བ།


ཉི་ཧོང་དང་རྒྱ་ནག་གཉིས་ རྒྱ་ནག་གི་ཤར་ཕྱོགས་རྒྱ་མཚོའི་ཐོག་ཡོད་པའི་གླིང་ཕྲན་ཁག་ཅིག་གི་བདག་དབང་གི་ཐད་རྩོད་གླེང་བྱེད་ཤུགས་ཆེ་རུ་ཕྱིན་པར་བརྟེན་ མང་ཚོགས་ཀྱི་ཁྲོད་དུའང་འཁོན་འཛིན་གྱི་རྣམ་པ་ཤུགས་ཆེ་རུ་ཕྱིན་ཏེ་ འདས་པའི་ཉིན་ཤས་ཀྱི་རིང་ རྒྱ་ནག་གི་ནང་ཉི་ཧོང་ལ་ངོ་རྒོལ་གྱི་དྲག་ཟིང་གནས་ཚུལ་ཡང་མང་པོ་ཞིག་བྱུང་ཡོད་ཅིང་ ཡིན་ནའང་ ངོ་རྒོལ་གྱི་དོན་རྐྱེན་དེ་ཚོས་ ད་ལྟ་ཡུལ་གྲུ་གཉིས་ཀྱི་སྲིད་གཞུང་གི་ངོས་ནས་འབྲེལ་བ་བསྐྱར་གསོ་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་པ་དེ་ལ་གནོད་སྐྱོན་གཏོང་ཐུབ་ཀྱི་མ་རེད་ཅེས་ཉི་ཧོང་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་གསུངས་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG