ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གྱིས་རྒྱ་ནག་གཞུང་ལ་ཉི་ཧོང་གི་མི་སེར་གྱི་བདེ་འཇགས་ལ་འགན་སྲུང་དགོས།


ཉི་ཧོང་དང་རྒྱ་ནག་གཉིས་ས་ཆའི་བདག་དབང་གི་ཐད་རྩོད་གླེང་བྱེད་ཤུགས་ཆེ་རུ་ཕྱིན་སྟེ་ རྒྱ་ནག་གི་ས་ཁུལ་མང་པོར་ཉི་ཧོང་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དེ་སྤེལ་ནས་ ཉི་ཧོང་གི་ཚོང་ལས་ཁང་ཁག་ལ་གཏོར་བཅོམ་བྱས་པ་མ་ཟད་ གཞུང་ཚབ་ཁང་ལའང་གཏོར་བཤིག་གཏོང་རྩིས་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཛ་དྲག་ཡོད་པར་བརྟེན་ གཟའ་ཉི་མའི་ཉིན་ཉི་ཧོང་གི་སྲིད་བློན་གྱིས་རྒྱ་ནག་གཞུང་ལ་ ཡུལ་དེའི་ནང་ཡོད་པའི་ཉི་ཧོང་གི་མི་སེར་གྱི་བདེ་འཇགས་ལ་འགན་སྲུང་དགོས་པ་ཡིན་ཞེས་བརྗོད་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG