ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་རྡུལ་ཕྲན་འཕྲོ་རླབས།


ཉི་ཧོང་གི་རྡུལ་ཕྲན་འཕྲོ་རླབས།

ཉི་ཧོང་གི་ས་ཡོམ་རྗེས་སུ་ཧྥུ་ཀུ་ཤི་མ་དང་ཏ་ཡི་ཆི་རྡུལ་ཕྲན་གློག་ཁང་ལ་གཏོར་བཤིག་ཚབས་ཆེ་ཕོག་པ་དང་། ད་དུང་ཡང་འགྲོ་བ་མི་དང་སྲོག་ཆགས་གཞན་གྱི་འཕྲོད་བསྟེན་དང་བདེ་ཐང་། ཉི་ཧོང་དང་འཛམ་གླིང་ཁྱོན་ཡོངས་ཀྱི་རང་བྱུང་ཁོར་ཡུག་བཅས་ལ་གནོད་ཚབས་ཆེ་བའི་རྡུལ་ཕྲན་གྱི་འཕྲོ་རླབས་ཕྱི་ལ་ཁྱབ་རྒྱུ་འགོག་ཐུབ་ཀྱི་མེད་པ་སྟེ། ཉི་ཧོང་གི་སྲིད་བློན་ཎ་ཏོ་ཁན་གྱི་སློབ་སྟོན་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཧྥུ་ཀུ་ཤི་མ་དང་ཏ་ཡི་ཆི་རྡུལ་ཕྲན་གློག་ཁང་གི་འཕྲོ་རླབས་དེ་རྣམས་གང་ནས་ཕྱི་ལ་ཐོན་གྱི་ཡོད་མེད་རྩད་གཅོད་དཀའ་བ་དང་། ད་ཐེངས་ཀྱི་ས་ཡོམ་རྗེས་སུ་ཕྱི་ལ་ཐོན་གྱི་ཡོད་པའི་རྡུལ་ཕྲན་གྱི་འཕྲོ་རླབས་དེ་རྩ་འགོག་བྱེད་ཐུབ་པར་དུས་ཡུན་ཟླ་བ་འགའ་ཞིག་འགོར་སྲིད་པའི་ཉེན་ཀ་ཡོད། ཡིན་ནའང་ཉི་ཧོང་གཞུང་དང་ཀྲོག་ཁིའོ་གློག་ཁང་གཉིས་ཀྱིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྡུལ་ཕྲན་གྱི་འཕྲོ་རླབས་ཕྱི་ལ་འཆོར་གྱི་ཡོད་པ་མྱུར་དུ་འགོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་། ང་ཚོས་མྱུར་དུ་རྡུལ་ཕྲན་གྱི་འཕྲོ་རླབས་གང་ནས་ཕྱི་ལ་ཐོན་གྱི་ཡོད་མེད་རྩད་གཅོད་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG