ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཉི་ཧོང་དང་ཨི་སི་རལ་གྱིས་རྒྱལ་སྤྱིའི་འགྲུལ་པ་བཀག་སྡོམ།


༄༅།། རེས་གཟའ་ཟླ་བའི་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨོ་མཱི་ཁེ་རོན་ཞེས་པའི་ནད་དུག་གསར་པ་དེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་འདུག་ཅེས་ཉེན་བརྡ་བཏང་བའི་རྗེས་སུ་ཉི་ཧོང་དང་ཨི་སི་རལ་སོགས་རྒྱལ་ཁབ་མང་དག་ཅིག་རྒྱལ་སྤྱིའི་འགྲུལ་པ་འགོག་གི་ཡོད་ཅིང་། ད་ལྟ་རྒྱལ་ཁབ་འགའ་ཞིག་ལ་ནད་དུག་གསར་པ་དེ་ཁྱབ་ཀྱི་ཡོད་པའི་གནས་ཚུལ་ཐོན་པའི་སྟབས་ཀྱིས་སླར་ཡང་ས་མཚམས་ཁག་བཀག་ནས་སྒོ་རྒྱག་སྲིད་པར་མ་ཟད། འདས་པའི་ལོ་གཉིས་ལ་ཏོག་དབྱིབས་ནད་ཡམས་ཀྱིས་དཔལ་འབྱོར་ཉམས་ཆག་བཏང་བ་རྣམས་སླར་གསོ་བྱེད་ཐུབ་མིན་ལའང་བློ་འཚབ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG