ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཉི་ཧོང་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུང་ཐུག་འཕྲད་གྲོས་མོལ།


༄༅།། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཉི་ཧོང་ལ་འཚམས་འདྲིར་བསྐྱོད་ཡོད་པ་དང་ཁ་སང་གཟའ་ལྷག་པ་ཉིན་ཉི་ཧོང་གི་སྲིད་བློན་སཱུ་གྷར་ཐུག་འཕྲད་གྲོས་མོལ་བྱས་ཡོད་ཅིང་། སྲིད་བློན་སཱུ་གྷས་ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཕྲན་གསུམ་གྱི་བདག་དབང་ལ་རྒྱ་ནག་གིས་བསམ་ཤེས་བྱ་དགོས་ཞེས་ནན་པོ་གསུངས་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་གླིང་ཕྲན་དེ་དག་ལ་ཏིའོ་ཡུའི་གླིང་ཚོམ་ཟེར་བ་དང་ཉི་ཧོང་གི་སན་ཀ་ཁུ་གླིང་ཚོམ་ཞེས་མིང་བཏགས་ཡོད་པར་མ་ཟད། གླིང་ཚོམ་དེ་ཉི་ཧོང་གི་འཛིན་སྐྱོང་འོག་ཏུ་ཡོད་ཀྱང་རྒྱ་ནག་ལ་གླིང་ཚོམ་དེའི་བདག་དབང་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG