ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༡༨

བྱང་ཀོ་རི་ཡས་མེར་ཤུགས་འཕུར་མདེལ་འཕར་མ་འཕེན་པ།


༄༅། རེས་གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡས་རྒྱང་རིང་ལ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་གཅིག་དང་དེ་ལས་ཐུང་ཙམ་ལ་འཕེན་ཐུབ་པའི་མེ་ཤུགས་འཕུར་མདེལ་གཉིས་འཕེན་ཡོད་སྐོར་ལྷོ་ཀོ་རི་ཡའི་དམག་མིས་འགྲེལ་བརྗོད་བྱས་ཡོད། མེ་ཤུགས་འཕུར་མདེལ་དེ་རིགས་འཕེན་པའི་རྗེས་སུ་ལྷོ་ཀོ་རི་ཡ་དང་ཉེ་ཧོང་གཉིས་ཀྱིས་རང་རང་སོ་སོའི་མི་སེར་ཚོ་ཉེན་སྲུང་བྱ་དགོས་པའི་ཉེན་བརྡ་ཡང་བཏང་དགོས་པ་བྱུང་ཡོད་སྐོར་རིག་འཛིན་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG