ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཉི་ཧོང་གི་མྱུར་སྐྱོབ་ལས་དོན།


ཉི་ཧོང་གི་མྱུར་སྐྱོབ་ལས་དོན།
ཉི་ཧོང་གི་མྱུར་སྐྱོབ་ལས་དོན།

ཉི་ཧོང་ལ་ས་འགུལ་དང་མཚོ་སྐྱོམ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཆེན་པོ་ཞིག་བྱུང་བའི་གོད་ཆག་འོག ད་བར་མི་ཁྲི་ཚོ་གཅིག་ལྷག་ལ་སྲོག་སྐྱོན་བྱུང་བའི་ཕུང་པོ་རྙེད་པ་དང་། ད་དུང་ཡང་མི་གྲངས་ཁྲི་ཚོ་གཅིག་ཡས་མས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། དེར་བརྟེན་ཨོ་ཧྥུ་ན་ཏོ་ས་གནས་སུ་མྱུར་སྐྱོབ་རུ་ཁག་མང་པོ་ཞིག་གིས་རྡོ་དང་འདམ་རྫབ་འོག་ཏུ་མི་གསོན་པོ་ལྷག་ཡོད་མེད་འཚོལ་ཞིབ་བྱེད་བཞིན་ཡོད་རུང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་བྱུང་བའི་ཉི་ཧོང་གི་ས་འགུལ་དེ་ནི། རྒྱལ་ཁབ་དེའི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་རང་བྱུང་ཁམས་ཀྱི་གནོད་འཚེ་ཆེན་པོ་ཞིག་ཡིན་ཞིང་། ད་ལྟ་དུས་ཚོད་འགྲོ་རིམ་བཞིན་མི་གསོན་པོ་མྱུར་སྐྱོབ་བྱེད་ཐུབ་པའི་གོ་སྐབས་ཇེ་ཆུང་དུ་འགྲོ་ཡི་ཡོད་པ་རེད།

XS
SM
MD
LG