ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རིས་མེད་འཇང་དགུན་ཆོས་དང་གཞུང་ཆེན་ལ་རིགས་གཅིག་རྐང་འཛིན།


རིས་མེད་འཇང་དགུན་ཆོས་དང་གཞུང་ཆེན་ལ་རིགས་གཅིག་རྐང་འཛིན།
རིས་མེད་འཇང་དགུན་ཆོས་དང་གཞུང་ཆེན་ལ་རིགས་གཅིག་རྐང་འཛིན།

བརྙན་འཕྲིན་གཟིགས་ན། (Windows Media)

ཀུན་གླེང་ལས་རིམ་གྱིས་དགའ་ལྡན་ཤར་རྩེའི་མཁན་པོ་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་དང་ལྟ་གྲུབ་ཀུན་བཏུས་སློབ་དེབ་ཚོགས་ཆུང་གི་ཚོགས་མི་དགེ་བཤེས་དཔྱི་ས་དྲུང་ཆེན་རིན་པོ་ཆེ། འདི་གའི་ལས་བྱེད་ཡེ་ཤེས་མཁས་འགྲུབ་ལགས་བཅས་གདན་འདྲེན་ཞུས་ནས་འཇང་དགུན་ཆོས་ཚོགས་སྟངས་ལ་ཡར་རྒྱས་བཏང་ནས་རིས་མེད་ཚོགས་ཐབས་དང་གཞུང་ཆེན་བཀའ་པོད་ལྔ་ལ་རིགས་གཅིག་རྐང་འཛིན་ཐོན་ཐབས་བྱེད་དགོས་པའི་བཀའ་སློབ་གནང་བ་ལག་ལེན་འགེལ་ཐབས་སྐོར་གླེང་མོལ་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG