ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༥/༡༤

གྲྭ་འཇམ་དབྱངས་སྦྱིན་པ་ལ་༢༠༠༨ལོའི་ཞི་རྒོལ་གྱི་རྗེས་རྒྱ་གཞུང་གིས་མནར་གཅོད་དྲག་པོ་བཏང་ཡོད་པ།


གྲྭ་འཇམ་དབྱངས་སྦྱིན་པ་ལ་༢༠༠༨ལོའི་ཞི་རྒོལ་གྱི་རྗེས་རྒྱ་གཞུང་གིས་མནར་གཅོད་དྲག་པོ་བཏང་ཡོད་པ།
གྲྭ་འཇམ་དབྱངས་སྦྱིན་པ་ལ་༢༠༠༨ལོའི་ཞི་རྒོལ་གྱི་རྗེས་རྒྱ་གཞུང་གིས་མནར་གཅོད་དྲག་པོ་བཏང་ཡོད་པ།

དེ་སྔ་༢༠༠༨ལོའི་སྤྱི་ཟླ་བཞི་པར་ རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོགས་ཁག་གཅིག་ཨ་མདོ་བླ་བྲང་དགོན་པར་འཁྲིད་དེ་ བོད་ནང་གི་གནས་སྟངས་བརྟན་ལྷིང་ཡོད་ཚུལ་དང་ བོད་མིར་ཆོས་དད་རང་དབང་ཡོད་ཚུལ་གྱི་རྣམ་པ་ཞིག་སྟོན་རྩིས་བྱེད་པའི་སྐབས་ བླ་བྲང་དགོན་པའི་དགེ་འདུན་པ་མང་པོ་ཞིག་གློ་བུར་དུ་ཐོན་སྟེ་ རྒྱ་ནག་གི་དབང་བསྒྱུར་འོག་བོད་མི་ལ་འགྲོ་བ་མིའི་ཐོབ་ཐང་དང་ རང་དབང་མེད་པའི་འབོད་ཚིག་བསྒྲགས་ཏེ་ངོ་རྒོལ་བྱས་པའི་གནས་ཚུལ་འཛམ་གླིང་ཡོངས་ཀྱིས་མཐོང་ཡོད་པས་ སྐབས་དེར་ངོ་རྒོལ་བྱེད་མཁན་གྲས་འཇམ་དབྱངས་སྦྱིན་པ་ལགས་ལ་ རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ནས་ ཉེ་ཆར་ཁོང་རྐྱེན་འདས་སུ་གྱུར་ཡོད་པའི་སྐོར་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ཞིག དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG