ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

ཨིས་རལ་གྱིས་གྷ་ཛ་ལུང་གཤོངས་ཁྱོན་ཡོངས་ལ་གཏོར་རྒོལ་བྱས་པ།


གྷ་ཛཱའི་ལྷོ་ཕྱོགས་ས་ཁུལ་ཁཱན་ཡུ་ནེ་སི་གྲོང་ཁྱེར་གྱི་ཁང་པ་མང་པོ་ཞིག་གཏོར་བཤིག་བཏང་བ་རེད།
གྷ་ཛཱའི་ལྷོ་ཕྱོགས་ས་ཁུལ་ཁཱན་ཡུ་ནེ་སི་གྲོང་ཁྱེར་གྱི་ཁང་པ་མང་པོ་ཞིག་གཏོར་བཤིག་བཏང་བ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨིས་རལ་གྱི་དམག་མིས་རེས་གཟའ་ཟླ་བའི་ཉིན་གྷ་ཛ་ལུང་གཤོངས་ཁྱོན་ཡོངས་ནང་མཁའ་ཐོག་ནས་གཏོར་རྒོལ་བྱས་པ་མ་ཟད། ལེ་བྷ་ནན་གྱི་ལྷོ་ཕྱོགས་སུ་ཧེཛ་བྷུ་ལ་དྲག་སྤྱོད་པར་དམིགས་ཏེ་གཏོར་རྒོལ་བྱས་འདུག

དེ་ཡང་ས་གནས་མི་མང་གིས་གནས་ཚུལ་འགྲེལ་བརྗོད་བྱས་པའི་ནང་གྷ་ཛ་གྲོང་ཁྱེར་གྱི་བྱང་ཕྱོགས་གྷ་ཛ་གྲོང་ཁྱེར་ནང་མཚོན་ལྡན་ལྕགས་འཁྲབ་འཁོར་ལོ་བཏང་ནས་གཏོར་རྒོལ་བྱས་སོང་ཞེས་འགྲེལ་བརྗོད་བྱས་འདུག་ཅིང་། ཨིས་རལ་གྱིས་དེ་ནི་ཧ་མད་དྲག་སྤྱོད་པས་ས་ཁུལ་དེར་འཇིགས་བསྐུལ་གྱི་ལས་འགུལ་བྱེད་ཀྱི་ཡོད་པ་དེར་གདོང་ལེན་བྱ་རྒྱུར་དམིགས་པ་ཡིན་ཞེས་བཤད་འདུག

ཡང་ཨིས་རལ་གྱི་དམག་མིས་གྷ་ཛའི་ལྷོ་ཕྱོགས་སུ་དྲག་སྤྱོད་པ་༣༠རྐྱེན་ལམ་དུ་བཏང་ཐུབ་པ་བྱུང་ཡོད་ཅེས་བཤད་འདུག ཨིས་རལ་གྱི་དམག་མིས་གྷ་ཛ་ལུང་གཤོངས་ཁྱོན་ཡོངས་ནང་དྲག་པོའི་གཏོར་རྒོལ་གསར་ཤོས་བྱས་པ་དེ་ནི། ཨིས་རལ་གྱི་ངོ་རྒོལ་བྱེད་མཁན་མི་མང་ཁྱོན་ཆེ་ཞིག་གིས་ཡུལ་དེའི་རྒྱ་ལམ་ཁག་བཀག་འགོག་བྱས་ཏེ་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་དགོས་པ་དང་། སྲིད་བློན་ནེ་ཏན་ཡ་ཧུ་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་ཤུགས་ཆེ་གཅིག་བྱས་ནས་ཉིན་རྗེས་མ་དེར་བྱས་པ་ཞིག་ཡིན་པ་དང་། ངོ་རྒོལ་བྱེད་མཁན་མི་མང་ཚོས་རེས་གཟའ་ཉི་མར་བྱས་པའི་ངོ་རྒོལ་ལས་འགུལ་དེ་ད་ནས་ཟླ་བ་དགུའི་གོང་སྟེ། སྔ་ལོའི་ཕྱི་ཟླ་༡༠པའི་ཚེས་༧ཉིན་གྱི་སྔ་དྲོའི་ཚོུད་༦དང་སྐར་མ་༢༩འི་ཐོག་ཨིས་རལ་ལ་གཏོར་རྒོལ་འགོ་འཛུགས་བྱས་ནས་མི་གྲངས་༡༢༠༠བསད་པ་དང་། གཞན་པ་༢༥༠གཏའ་མར་བཙན་འཁྲིད་བྱས་པའི་དུས་ཚོད་དེ་དང་སྟབས་བསྟུན་ནས་བྱས་པ་གཅིག་ཡིན་པ་རེད། ངོ་རྒོལ་བྱེད་མཁན་མི་མང་ཚོས་རྒྱ་ལམ་རྣམས་བཀག་འགོག་བྱས་པ་དང་། ཡུལ་དེའི་སྲིད་བློན་དང་། རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་སྡོད་གནས་ཀྱི་སྒོ་འགྲམ་དུ་འདུ་འཛོམས་བྱས་ཏེ་ངོ་རྒོལ་བྱས་འདུག་པ་དང་། སྔར་ལོའི་ཕྱི་ཟླ་༡༠པའི་ཚེས་༧ཉིན་ཧ་མས་དྲག་སྤྱོད་པ་ཚོས་རྐྱེན་ལམ་དུ་བཏང་བ་དང་བཙན་འཁྲིད་བྱས་པ་རྣམས་མཚོན་ཆེད་ངོ་རྒོལ་བྱེད་མཁན་མི་མང་ཚོས་ཨས་རལ་དང་གྷ་ཛའི་ས་མཚམས་སུ་སྒང་ཕུག་ནག་པོ་དང་སེར་པོ་༡༥༠༠བར་སྣང་ལ་གློད་གཏོང་བྱས་འདུག

གྷ་ཛའི་འཕྲོད་བསྟེན་ལྷན་ཁང་གིས་བཤད་གསལ་ལ། ཧ་མས་ཡིས་སྔར་ལོ་ཨིས་རལ་ལ་ཧ་ལས་དགོས་པའི་གཏོར་རྒོལ་བྱས་པའི་རྗེས་ཨས་རལ་གྱི་དམག་མིས་གྷ་ཛའི་ནང་ཧ་མས་རྩ་མེད་བཟོ་རྒྱུར་དམིགས་པའི་དྲག་པོའི་གཏོར་རྒོལ་ལས་འགུལ་བྱས་པ་དེས་ད་བར་ཧ་མས་དྲག་སྤྱོད་པ་དང་པེ་ལིས་ཏན་གྱི་ཞི་བའི་མི་ཁྱོན་བསྡོམས་༣༨༠༠༠ལྷག་ཙམ་ལ་སྲོག་སྐྱོན་བྱུང་བ་དང་། གྷ་ཛ་ལུང་གཤོངས་ཁྱོན་ཡོངས་ཞིག་རལ་དུ་བཏང་ཡོད་པ་རེད། ཨིས་རལ་གྱིས་བཤད་གསལ་ལ། ཧ་མཱ་སེ་དྲག་སྤྱོད་པ་ཚོས་བཙན་ཉར་བྱས་པའི་མི་ཁག་ཅིག་འདས་གྲོངས་སུ་གྱུར་ཡོད་ཅིང་། ད་ལྟའང་ཨིས་རལ་གྱི་མི་སེར་༡༡༦ད་ལྟའང་ཧ་མས་དྲག་སྤྱོད་པས་བཙན་ཉར་བྱེད་མུས་ཡིན་པ་རེད།

ཧ་མས་ཡིས་གྱོང་མཁྲེག་ཆེ་བའི་རང་ཉིད་ཀྱི་དགོས་འདུན་དེ་ཕྱིར་འཐེན་བྱས་རྗེས་ཨིས་རལ་དང་ཧ་མས་དྲག་སྤྱོད་པའི་དབར་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མོལ་དེར་ཡར་རྒྱས་ཡོང་གི་ཡོད་པ་མངོན་གྱི་ཡོད་ནའང་། ཕྱོགས་གཉིས་ཀས་སྲིད་འཛིན་བྷ་ཌེན་གྱིས་ཕྱི་ཟླ་ལྔ་པའི་ནང་བཏོན་པའི་དགོངས་འཆར་དེའི་ཐོག་བསམ་ཚུལ་མི་མཐུན་པའི་དཀའ་རྙོགས་འཕྲད་ཀྱི་ཡོད་སྐོར་ཤོད་ཀྱི་ཡོད་པ་རེད།

གསར་འགོད་པ། ཕུན་ཚོགས་ཆེ་རིང་།

རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG