ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

ཨིས་རལ་གྱིས་གྷཱ་ཛར་ཐོག་གཏོར་རྒོལ་ཤུགས་ཆེ་བྱས་པ།


ཨིས་རལ་གྱིས་གྷཱ་ཛར་ཐོག་གཏོར་རྒོལ་ཤུགས་ཆེ་བྱས་པ།
ཨིས་རལ་གྱིས་གྷཱ་ཛར་ཐོག་གཏོར་རྒོལ་ཤུགས་ཆེ་བྱས་པ།

༄༅། །ཧ་མས་དྲག་སྤྱོད་པས་དབང་བསྒྱུར་བྱས་པའི་ས་ཁུལ་ནང་ཛ་དྲག་སྨན་བཅོས་ཀྱི་རོགས་རམ་བྱེད་མཁན་དང་ས་ཁུལ་དེའི་རྒྱ་གྲམ་དམར་པོའི་བཤད་གསལ་ལ། རེས་གཟའ་ཉི་མའི་ཉིན་ཨིས་རལ་གྱིས་གྷ་ཛ་ལུང་གཤོངས་ཀྱི་རྒྱལ་ས་གྷ་ཛ་གྲོང་ཁྱེར་ལ་གནམ་ཐོག་ནས་གཏོར་རྒོལ་ཟམ་མ་ཆད་པར་བྱས་པའི་རྐྱེན་གྱིས་མི་དྲུག་ལ་སྲོག་སྐྱོན་བྱུང་འདུག་པ་དང་། གྷ་ཛ་ལུང་གཤོངས་ཀྱི་ས་ཁུལ་གཞན་གྱི་ནང་མི་གསུམ་ལ་སྲོག་སྐྱོན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཨེ་ཨཕྷ་པི་གསརཁང་གི་གསར་འགོད་པས་བཤད་གསལ་ལ། གྷ་ཛ་ལུང་གཤོངས་ཀྱི་རྒྱལ་སའི་གྲོང་ཁྱེར་གྱི་ཤུ་ཇ་ཡ་རྫོང་ནང་ཉེན་ཡོལ་བྱས་ཏེ་ལུང་སྟོང་ལྟ་བུར་གྱུར་འདུག་ཅིང་། འདས་པའི་བདུན་ཕྲག་གཉིས་ཙམ་གྱི་རིང་རྫོང་སྡེ་དེའི་ཐོག་མི་མེད་འཕུར་འཁོར་ཌྲོན་བཏང་སྟེ་གཏོར་རྒོལ་མུ་མཐུདད་བྱས་འདུག་ཅེས་བཤད་འདུག ཨིས་རལ་གྱི་དམག་མིས་རྫོང་སྡེ་དེའི་ནང་ཁ་ཆེའི་འཇིགས་བསྐུལ་དྲག་སྤྱོད་པ་མང་པོ་རྩ་མེད་བཟོས་པ་དང་། དྲག་སྤྱོད་པའི་ལས་ཁང་དང་རྟེན་གཞི་མང་པོ་གཏོར་བཤིགས་བཏང་བ་མ་ཟད། འབར་རྫས་དང་། ཨེ་ཀེ་༤༧མེ་མདའ། མེ་སྒྱོགས། ཐུང་མདའ་ཐེ་བའི་གོ་ལག་མང་པོ་རྩ་གཏོར་བཏང་ཡོད་ཅེས་བཤད་འདུག་པ་དང་། ཡང་ཨིས་རལ་གྱི་དམག་མིས་གྷ་ཛ་ལུང་གཤོངས་ཀྱི་ལྷོ་ཕྱོཌ་ཀྱི་གྲོང་ཁྱེར་ར་ཕའི་ཉེ་འཁྲིས་ཀྱི་ས་གནས་ཁཱན་ཡུ་ནུས་གྲོང་སྡེ་ལས་ཁང་གི་ཁང་པ་ཞིག་གི་ནང་གབ་གཡིབ་བྱས་པའི་དྲག་སྤྱོད་པ་༣༠རྐྱེན་ལམ་དུ་བཏང་ཐུབ་འདུག་ཅེས་བཤད་འདུག

ཡང་གྷ་ཛའི་འཕྲོད་བསྟེན་ལྷན་ཁང་གིས་བཤད་གསལ་ལ། ཨིས་རལ་གྱི་དམག་མིས་འདས་པའི་གཟའ་སྤེན་པའི་ཉིན་གྷ་ཛ་དབུས་ཕྱོཌ་ཀྱི་གྲོང་ཁྱེར་ནུ་ས་རཏ་ཀྱི་ནང་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བའི་ལས་ཁང་གིས་འཛིན་སྐྱོང་གནང་བའི་སློབ་གྲ་ཞིག་གི་ཐོག་གཏོར་རྒོལ་བཏང་སྟེ་མི་༡༦ལ་སྲོག་སྐྱོན་བྱུང་འདུག ཨིས་རལ་གྱི་དམག་མིས་བཤད་གསལ་ལ། སློབ་གྲྭ་དེའི་ཉེ་འགྲམ་དུ་ཡོད་པའི་དྲག་སྤྱོད་པ་ཚོར་ཐོག་གཏོར་རྒོལ་བཏང་ཡོད་འདུག་ཅེས་འགྲེལ་བརྗོད་བྱས་འདུག

གྷ་ཛའི་དམག་འཁྲུག་དེས་ས་གནས་དེའི་མི་མང་བརྒྱ་ཆ་༩༠ཙམ་སོ་སོའི་སྡོད་ཁྱིམ་བྲལ་དགོས་བཟོས་ཡོད་པའི་ཐོག མི་མང་ལྔ་འབུམ་ཙམ་ལྟོག་ཤི་ཐེབས་སྲིད་པའི་ཉེན་ཁར་གདོང་ལེན་བྱེད་དགོས་བཟོས་པ་དང་། ས་ཁུལ་དེའི་སྨན་ཁང་ཕལ་ཆེར་སྒོ་བརྒྱབས་དགོས་པ་བཟོས་ཡོད་པ་རེད།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

རྣམ་རྒྱལ་ཤཱསྟྲཱིས་ཞུ་དག་བྱས།

གླེང་སྟེགས།

XS
SM
MD
LG