ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

དྲག་སྤྱོད་པའི་བཙན་འོག་ཏུ་ཚུད་པའི་དབྱིན་ཇི་བ་ཞིག་གི་གཏམ་བཤད།


ཨི་རག་དང་སི་རི་ཡའི་ནང་གི་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་ཚོགས་པའི་དྲག་སྤྱོད་རུ་ཁག་གིས་བཀྲམ་བརྙན་འཕྲིན་ཞིག་ལ་དྲག་སྤྱོད་རུ་ཚོགས་དེའི་འཛིན་བཟུང་འོག་ཏུ་ཚུད་པའི་དབྱིན་ཇིའི་གསར་འགོད་པ་ཇོན་ཀེན་ཊི་ ཟེར་བ་ཞིག་གིས་གཏམ་བཤད་བྱས་ཡོད་ཅིང་། དབྱིན་ཇི་བ་དེས་ད་ཆ་ང་དབྱིན་ཡུལ་དང་སྲིད་གཞུང་གཉིས་ཀས་བློས་བཏང་ཚར་ཡོད་པར་བརྟེན། ནུབ་ཕྱོགས་པའི་གསར་འགྱུར་རྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་སྟངས་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཁ་ཆེའི་ཡུལ་གྲུ་ཁག་ལ་གནོད་འཚེ་ཆེ་བའི་གཏོར་རྒོལ་བྱེད་བཞིན་པ་དེ་དག་གི་ཤུགས་རྐྱེན། ད་དུང་ཁ་ཆེ་དྲག་སྤྱོད་ཚོགས་པ་ཁག་གི་གནས་སྟངས་ལ་སོགས་དངོས་ཡོད་ཀྱི་གནས་ཚུལ་ཁག་ཅིག་གསལ་སྟོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་དེའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG