ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་ནི་རྐུ་མ་དང་ ཨ་རི་ནི་ཡིད་ཆེས་བྱེད་མི་རུང་བ་ཞིག་རེད་ཅེས་ཀྲོག་ཁྱོའི་སྤྱི་ཁྱབ་པས་བརྗོད་པ།


ཉི་ཧོང་གི་གྲོང་ཁྱེར་ཀྲོག་ཀྱོའི་སྤྱི་ཁྱབ་པས་ཡུལ་དེའི་རྒྱལ་སྲུང་ཐབས་ཇུས་ཀྱི་ལས་འཆར་དང་འབྲེལ་ཡོད་བསམ་ཚུལ་ཁག་ཅིག་བཏོན་པར་གཞིགས་ན་ རྒྱ་ནག་ནི་རྐུ་མ་དང་ ཨ་རི་ནི་ཡིད་ཆེས་བློས་འགེལ་བྱ་རུང་བའི་མཐུན་ཕྱོགས་རྒྱལ་ཁབ་ཅིག་གཏན་ནས་མིན་པར་བརྟེན་ཉི་ཧོང་གིས་རང་གི་རྒྱལ་སྲུང་ཐབས་ཇུས་ཀྱི་ལས་འཆར་ནང་་མཁའ་དབྱིངས་རིག་རྩལ་བཟོ་བསྐྲུན་དང་ དེ་བཞིན་རྒྱུན་ལྡན་གྱི་མཚོན་ཆ་བཟོ་བསྐྲུན་ཡར་རྒྱས་གཏང་དགོས་པ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་ལུགས་བརྗོད་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG