ངོ་འཕྲད་བདེ་བའི་དྲ་འབྲེལ།

སྔ་ལོ་ཨི་རན་གྱི་རྡུལ་ཕྲན་རྫས་རྒྱུ་ཡུ་རེ་ནིམ་བཙོ་སྦྱང་བྱེད་རྒྱུ་ཉུང་དུ་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་རན་ལ་དཔལ་འབྱོར་བཀག་སྡོམ་གྱིས་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་བྱེད་རྒྱུའི་གྲོས་མཐུན་བཞག་སྟེ། ད་ལྟ་ཨི་རན་གཞུང་གིས་དངོས་སུ་གྲོས་མཐུན་དེ་ལག་ལེན་བསྟར་རྒྱུ་འགོ་ཚུགས་ཡོད་ཅིང་། དེ་ཡང་ཕྱི་ཟླ་༡་ཚེས་༢༠་ཉིན་ཨི་རན་གྱི་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཨི་རན་གྱིས་རྡུལ་ཕྲན་རྫས་རྒྱུ་ཡུ་རེ་ནིམ་སྤུ་ཚད་བརྒྱ་ཆ་༢༠་ཅན་བཙོ་སྦྱང་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་པ་དང་། ད་སྔ་རྡུལ་ཕྲན་མཚོན་ཆ་བཟོ་བའི་རྒྱུ་ཆར་མཁོ་བའི་ཡུ་རེ་ནིམ་སྤུས་ཚད་བརྒྱ་ཆ་༢༠་ཅན་མང་པོ་ཞིག་བཙོ་སྦྱང་བྱས་ཡོད་པ་རྣམས་ཀྱང་རྡུལ་ཕྲན་གྱི་གློག་ལ་བསྒྱུར་རྒྱུ་འགོ་ཚུགས་ཡོད་པ་རེད།
please wait

No media source currently available

0:00 0:03:57 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG