ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡ་དང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཀ


ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་རྡུལ་ཕྲན་ཁྱབ་གདལ་བཀག་སྡོམ་སློབ་སྟོན་པ་ཨེན་ཧོན་ལྷོ་ཀོ་རི་ཡ་འཚམས་འདྲིར་ཕེབས་ཡོད་པ་དང༌། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡ་དང་ཨི་རན་གཉིས་ལ་ཚོང་ལས་བཀག་སྡོམམ་གྱི་གྲོས་ཆོད་བཞག་ཡོད་པ་ལག་ལེན་ཚུལ་བཞིན་བསྟར་རྒྱུ་གནད་འགག་ཧ་ཅང་ཆེན་པོ་ཡིན། བྱང་ཀོ་རི་ཡ་དང་ཨི་རན་གཉིས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་གཏོང་མཁན་ཉེན་ཀ་ཆེ་ཤོས་དེ་ཡིན་ཞེས་བཤད་པ་དང༌། སྐུ་ཞབས་ཨེ་ཧོན་གྱིས་ལྷོ་ཀོ་རི་ཡའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་གནད་དོན་འགའ་ཞིག་གི་ཐོག་ཏུ་གྲོས་མོལ་བྱས་པ་མ་ཟད། གཟའ་འཁོར་གཉིས་ཀྱི་གོང་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་བྱང་ཀོ་རི་ཡ་དང་ཨི་རན་གཉིས་ཀྱིས་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་གཏོང་གི་ཡོད་པ་བཀག་སྡོམ་ནན་པོ་བྱེད་ཐུབ་པའི་བྱ་ཐབས་ཁག་ཅིག་ཁྱབ་བསྒྲགས་བྱས་པ་དང༌། དེ་རིང་ཕྱི་ཟླ་༨་ཚེས་༢་ཉིན་ཨ་མི་རི་ཀའི་མཐོ་རིམ་སྐུ་ཚབ་དེས་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་གྱི་གཏམ་བཤད་དེ་ཉིད་བསྐྱར་ཟློས་བྱས་ཡོད་པ་རེད།།

XS
SM
MD
LG