ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གྷ་ཟའི་མེ་འཕེན་མཚམས་འཇོག་ལ་གནོན་ཤུགས།


པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་གྷ་ཟ་ལུང་གཤོང་ནས་ཨི་སི་རལ་ལ་མེ་ཤུགས་འཕུར་མདས་གཏོར་རྒོལ་བྱས་པ་དང་། ཨི་སི་རལ་གྱིས་ཧ་མ་སི་དྲག་སྤྱོད་ཤོག་ཁག་ལ་རྒོལ་ལན་སློག་སྟེ། དེ་རིང་གཟའ་པ་སངས་གཅིག་པུར་པ་ལི་སི་ཐན་གྱི་མི་མང་དཀྱུས་མ་༡༢་དང་འཐབ་མོ་བ་བཞི་བཅས་ཁྱོན་བསྡོམས་མི་༡༦་ལ་སྲོག་སྐྱོན་ཕོག་པ་དང་། ཁ་སྔོན་གཟའ་ལྷག་པ་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་འཐབ་འཁྲུག་འགོ་ལངས་ནས་བཟུང་། ད་བར་པ་ལི་སི་ཐན་བ་༩༠་ཐམ་པ་དང་ཨི་སི་རལ་གྱི་མི་མང་དཀྱུས་མ་གསུམ་ལ་སྲོག་སྐྱོན་ཕོག་པ་དང་། མདང་དགོང་མཚན་མོར་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་སི་རལ་གྱི་ལྷོ་ཕྱོགས་སུ་མེ་ཤུགས་འཕུར་མདའ་༡༢་བརྒྱབ་ཀྱང་། ཨི་སི་རལ་གྱི་ལྷོ་ཕྱོགས་སུ་མི་ལ་འཆི་རྨས་བྱུང་བའི་གནས་ཚུལ་གང་ཡང་ཐོན་མེད་པ་དང་། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་ལ་འཐབ་འཁྲུག་མཚམས་འཇོག་བྱེད་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG