ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་ཚོགས་པས་བལ་ཡུལ་གཞུང་ལ་འོས་སྒམ་ཕྱིར་ལོག་བྱེད་དགོས་ཅེས་སྐུལ་ཞུས་འདུག


ཉེ་ཆར་བལ་ཡུལ་དུ་ཡོད་པའི་བོད་པ་བཙན་བྱོལ་བ་ཚོས་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང༌། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་འཕངས་པའི་འོས་སྒམ་རྣམས་བལ་ཡུལ་གྱི་དྲག་ཆས་ཉེན་རྟོག་པ་ཚོས་བཙན་འཕྲོག་བྱས་ཏེ། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་བལ་ཡུལ་སྲིད་བློན་གྱི་མིང་ཐོག་ཏུ་སྙན་ཞུ་ཞིག་ཕུལ་ཡོད་དང༌། སྙན་ཞུ་དེར་བལ་ཡུལ་གཞུང་གིས་བཙན་འཕྲོག་བྱས་པའི་བོད་པ་བཙན་བྱོལ་བའི་འོས་སྒམ་དེ་རྣམས་ཕྱིར་ལོག་བྱེད་དགོས་ཞེས་སྐུལ་མ་གནང་ཡོད་པ་རེད།།

XS
SM
MD
LG