ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་ཝེ་ཝེ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ།


རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་ཝེ་ཝེ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ།
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་ཝེ་ཝེ་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ།

པེ་ཅིང་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་ཡུལ་བྱིའུ་ཚང་རྩེད་རྭའི་བཟོ་དབྱིབས་ཇུས་འགོད་པ་དང་། རི་མོའི་སྒྱུ་རྩལ་མཁས་པ། དེ་བཞིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བཅས་ཡིན་པ་ཨེ་ཝེ་ཝེ་ཉི་མ་གསུམ་གྱི་གོང་དེར་པེ་ཅིང་གནམ་ཐང་དུ་བཀག་ཉར་བྱས་པ་དང་། ད་ལྟ་ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི་དང་ཇར་མ་ཎི་སོགས་ཡོ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་། ལྷག་པར་དུ་ཨེ་ཝེ་ཝེའི་རྗེས་འབྲང་བ་ཁྲི་ཚོ་༧་ལྷག་གིས་རྒྱ་ནག་གཞུང་ལ་ཨེ་ཝེ་ཝེ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་རང་ཡུལ་གྱི་སྲིད་དོན་ལྟ་བ་མི་མཐུན་པ་དང་ཤེས་ཡོན་ཅན་ཚོར་དྲག་གནོན་བྱེད་རྒྱུ་འགོ་བཙུགས་ཏེ་ཉེ་དུས་ཤིག་ནས་རྒྱ་ནག་གི་ཤེས་ཡོན་ཅན་ཚོ་རང་ཁྱིམ་ལ་བཟང་བཙོན་དུ་འཇུག་པ་དང་། ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ། རྒྱ་ནག་གི་ཤེས་ཡོན་ཅན་ཁག་ཅིག་ལ་ནག་ཉེས་གསལ་བོ་ཞིག་འཛུགས་རྒྱུ་མེད་པར་བཀག་ཉར་བྱས་ནས་ཟླ་བ་༢་ལྷག་འགྲོ་གི་ཡོད་པ་དང་། དེར་བརྟེན་ཨ་མི་རི་ཀ་དང་ཡོ་རོབ་མཉམ་འབྲེལ་སོགས་ཀྱིས་རྒྱ་ནག་གཞུང་གིས་ཨེ་ཝེ་ཝེ་ཡང་དུས་ཚོད་ངེས་མེད་ཅིག་ལ་བཀག་ཉར་བྱེད་པའམ། ཡང་ན་ཁོང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ནས་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG