ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་གྱོད་འཛུགས་ཁྲིམས་རྩོད་པས་གྷ་རྡ་ཕི་འཛིན་བཟུང་བྱེད་རྒྱུའི་འབོད་བསྐུལ།


གྲོང་ཁྱེར་ཧེག་ནང་ཡོད་པའི་རྒྱལ་སྤྱིའི་དམག་དོན་ནག་ཉེས་ཁྲིམས་ཞིབ་ཁང་གི་གྱོད་འཛུགས་ཁྲིམས་ཞིབ་པ་གཙོ་བོས་ ལི་བྷི་ཡའི་འགོ་ཁྲིད་མོཧ་མར་གྷ་རྡ་ཕི་དང་ཁོང་གི་བུ་ཆེ་ཤོས་དེ་བཞིན་སྲིང་མོའི་བཟའ་ཟླ་འཛིན་བཟུང་བྱེད་དགོས་ལུགས་ཁྲིམས་དཔོན་ལ་ཞུ་གཏུགས་གནང་ཡོད་པ་དང་ འགོ་ཁྲིད་དེ་ཚོས་འགྲོ་བ་མི་ལ་མནར་གཅོད་བཏང་བའི་ནག་ཉེས་བསགས་ཡོད་པའི་དཔང་རྟགས་འདེངས་ངེས་ཞིག་ཡོད་པའི་ཐད་གྱོད་འཛུགས་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་ཡོད་པ་སོགས་ གྲོང་ཁྱེར་ཧེག་ནས་གསར་འགོད་པ་ལའོ་རན་ཀོ་མི་ཌའོ་གྱིས་འདི་ག་ཝི་ཨོ་ཨེ་ཨ་རིིའི་རྒྱང་སྲིད་རླུང་འཕྲིན་ཁང་ལ་བཏང་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG