ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཨོ་བྷ་མའི་ཨི་རྡུ་ཎེ་ཞི་ཡ་སློབ་ཆེན་གྱི་གཏམ་བཤད།


སྲིད་འཛིན་ཨོ་བྷ་མའི་ཨི་རྡུ་ཎེ་ཞི་ཡ་སློབ་ཆེན་གྱི་གཏམ་བཤད།

ཕྱི་ཟླ་༡༡་ཚེས་༡༠་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་ཨིན་རྡུ་ཎེ་ཞི་ཡའི་འཚམས་འདྲི་མཇུག་བསྒྲིལ་ཡོད་པ་དང་། ཁོང་གིས་ཨིན་རྡུ་ཎེ་ཞི་ཡའི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར་གཏམ་བཤད་འགོ་འཛུགས་སྐབས་སུ་ང་བྱིས་པའི་དུས་སུ་རྒྱལ་ཁབ་འདིར་ལོ་འགའ་བསྡད་མྱོང་་ཡོད། འཛམ་གླིང་གི་ཁ་ཆེའི་མི་འབོར་མང་བའི་རྒྱལ་ཁབ་འདིས་ང་ལ་བག་ཆགས་བཟང་པོ་ཅི་ཙམ་བཞག་ཡོད་པ་དེ་རྣམ་པ་ཚོར་དེ་རིང་ངས་བཤད་འདོད་ཡོད་པ་དང་། ང་ཨིན་རྡུ་ཎེ་ཞི་ཡར་བསྡད་པའི་ཉམས་མྱོང་གིས་ངའི་མི་ཚེ་ལ་ཨིན་རྡུ་ཎེ་ཞི་ཡས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད་པ་སྟེ། ངའི་གཏམ་བཤད་ད་སྐད་ཆ་སྟབས་བདེ་ཞིག་བཤད་ནས་་འགོ་འཛུགས་བྱེད་རྒྱུ་ཡིན། ཨིན་རྡུ་ཎེ་ཞི་ཡ་ངའི་མི་ཚེའི་གྲུབ་ཆ་ཞིག་ཡིན་པ་དང་། ངའི་ཨ་མས་ཨིན་རྡུ་ཎེ་ཞི་ཡའི་ལོ་ལོ་སེའོ་ཏོ་རོ་ཞེས་པའི་མི་ཞིག་ལ་གཉེན་སྒྲིག་བྱས་ཏེ། ང་ཐོག་མར་ཨིན་རྡུ་ཎེ་ཞི་ཡར་ཡོང་དུས་རང་ལོ་༤་ཡིན། བྱིས་པ་ཆུང་ཆུང་ཞིག་ལ་མཚོན་ན་སྐབས་དེར་འཇིག་རྟེན་གསར་པ་ཞིག་ལ་སླེབས་པ་དང་གཅིག་མཚུངས་ཡིན་མོད། འོན་ཀྱང་ཡུན་རིང་མ་སོང་པར་ཨིན་རྡུ་ཎེ་ཞི་ཡའི་མི་མང་གིས་ང་རང་ཁྱིམ་དུ་ཡོད་པ་དང་ཁྱད་པར་མེད་པའི་ཚོར་བ་ཞིག་སྤྲད་སོང་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG