ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨིན་དྲོ་ནེ་ཤི་ཡའི་ནང་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་བྱེད་ཆོག་པའི་རང་དབང་ཡོད་ནའང་ཁྲིམས་མཐུན་ཞིག་མིན།


ཆོས་ཕྱོགས་ཀྱི་ཚོགས་སྡེ་རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ་ཚོར་ཁྲིམས་མཐུན་གྱི་ཚོགས་སྡེ་ཞིག་ཡིན་པའི་གནས་བབས་སྤྲོད་རྒྱུར་ ཉེ་ཆར་ཨིན་དྲོ་ནེ་ཤི་ཡས་ངོས་ལེན་བྱས་མེད་པ་རེད་ རྩ་རླུང་སྒོམ་སྒྲུབ་ཀྱི་ཚོགས་སྡེ་དེ་རྒྱ་ནག་ནང་བཀག་སྡོམ་བྱེད་ཡོད་པ་དང་ ཨིན་དྲོ་ནེ་ཤི་ཡའི་ནང་རྩ་རླུང་སྒོམ་སྒྲུབ་ཀྱི་བྱེད་སྒོའི་ཐོག་དམ་བསྒྲགས་བྱེད་པ་དེ་ རང་གི་ཚོང་ལས་མཐུན་གྲོགས་ཆེ་ཤོས་ཡིན་པའི་རྒྱལ་ཁབ་དེ་དང་འབྲེལ་བ་བཟང་པོ་མུ་མཐུད་གནས་རྒྱུའི་ཆེད་ཐག་གཅོད་བྱས་པ་ཞིག་ཡིན་ལུགས་ འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཁག་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་སོགས་ རྒྱལ་ས་ཇ་ཀར་ཏ་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བིརི་ཡན་ པ་རྡན་གྱི་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG