ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཨིན་རྡུ་ཎེ་ཞི་ཡར་རང་བྱུང་གནོད་འཚེ་བསྟུད་མར་བྱུང་བ།


ཨིན་རྡུ་ཎེ་ཞི་ཡར་རང་བྱུང་གནོད་འཚེ་བསྟུད་མར་བྱུང་བ།
ཨིན་རྡུ་ཎེ་ཞི་ཡར་རང་བྱུང་གནོད་འཚེ་བསྟུད་མར་བྱུང་བ།

ཨིན་རྡུ་ཎེ་ཞི་ཡར་རང་བྱུང་གནོད་འཚེ་བསྟུད་མར་བྱུང་ནས་མི་མང་པོར་སྲོག་སྐྱོན་དང་རྨས་སྐྱོན་བྱུང་ཡོད་པ་དང་། གཟའ་འཁོར་འདིར་ཨིན་རྡུ་ཎེ་ཞི་ཡའི་སུ་མ་ཏི་ར་མཚོ་གླིང་ལ་མཚོ་རླབས་དྲག་པོ་འཕྱུར་ནས་མི་གསུམ་བརྒྱ་ལྷག་ལ་སྲོག་སྐྱོན་བྱུང་བ་མ་ཟད། ཇ་ཝ་ས་ཁུལ་དུ་མེ་རི་བརྡོལ་ནས་མི་གསུམ་བཅུ་ཙམ་ལ་སྲོག་སྐྱོན་ཕོག་པ་དང་། ད་དུང་མི་མང་པོ་ཞིག་ལ་རྨས་སྐྱོན་འཕོག་པ་སོགས་ཀྱི་གནོད་འཚེ་ཆེན་པོ་བྱུང་བར་བརྟེན། ཨིན་རྡུ་ཎེ་ཞི་ཡའི་སྲིད་འཛིན་ཕྱི་རྒྱལ་ལ་འཚམས་འདྲིར་ཕེབས་ཡོད་པའང་འཕྲལ་དུ་མཚམས་བཞག་ནས་རང་ཡུལ་ལ་ཕྱིར་ལོག་བྱས་ཏེ། ཁོང་རང་བྱུང་གནོད་འཚེ་འཕོག་ཡུལ་ས་ཁུལ་ཁག་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་རེད།།

XS
SM
MD
LG