ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་ཨ་ཡོ་དྷི་ཡའི་གནས་ཤུལ་ལ་ཁྲིམས་ཁང་གིས་ཐག་གཅོད་བྱ་འཆར།


རྒྱ་གར་གྱི་ཨ་ཡོ་དྷི་ཡའི་གནས་ཤུལ་ལ་ཁྲིམས་ཁང་གིས་ཐག་གཅོད་བྱ་འཆར།
རྒྱ་གར་གྱི་ཨ་ཡོ་དྷི་ཡའི་གནས་ཤུལ་ལ་ཁྲིམས་ཁང་གིས་ཐག་གཅོད་བྱ་འཆར།

༡༩༩༢་ལོར་རྒྱ་གར་གྱི་ཧིན་རྡུ་མི་རིགས་རིང་ལུགས་པ་ཚོས་ཨ་ཡོ་དྷི་ཡ་ས་གནས་སུ་ ཡོད་པའི་ཁ་ཆེའི་ལྷ་ཁང་ཞིག་གཏོང་བཤིག་བཏང་བ་དང་། ཁོང་ཚོས་ཁ་ཆེའི་ལྷ་ཁང་ཤུལ་དེར་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་དགའ་བྱེད་ཀྱི་ལྷ་ཁང་ ཞིག་འཛུགས་སྐྲུན་བྱེད་རྒྱུའི་ཐག་གཅོད་བྱས་ནས་བཟུང་། འདས་པའི་ལོ་ངོ་༡༨་ཙམ་ལ་རྒྱ་གར་གྱི་ཧིན་རྡུ་དང་ཁ་ཆེ་ཚོས་གནས་ཤུལ་དེའི་བདག་ དབང་སུ་ལ་ཡོད་མེད་རྩོད་པ་བརྒྱབ་སྟེ། ད་བར་ཁྲིམས་ཁང་གིས་གྱོད་གཞི་དེར་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། གཟའ་འཁོར་འཛིན་རྒྱ་གར་གྱི་ཨལ་ཧ་བྷད་མཐོ་རིམ་ཁྲིམས་ཁང་གིས་ཨ་ཡོ་དྷི་ཡ་ས་གནས་ ཀྱི་གནས་ཤུལ་དེའི་བདག་དབང་ཧིན་རྡུ་དང་ཁ་ཆེ་གཉིས་ཀྱི་སུ་ལ་ཡོད་མེད་ཐག་གཅོད་ བྱ་འཆར་ཡོད་ཅིང་། རྒྱ་གར་གྱི་རིག་བྱེད་གཏམ་བརྒྱུད་ནང་དུ་ཨ་ཡོ་དྷི་ཡ་ས་གནས་དེ་ཉིད་ལྷ་དགའ་བྱེད་ འཁྲུངས་ས་ཡིན་པ་དང་། དེར་བརྟེན་ཨ་ཡོ་དྷི་ཡ་ཧིན་རྡུ་ཆོས་ལུགས་ཀྱི་གནས་མཆོག་བླ་ན་མེད་པ་ཞིག་ཡིན་པ་སྟེ། ས་གནས་དེར་ཐོག་མ་ནས་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་ཞིག་ཡོད་པ་རྒྱ་གར་ལ་ཁ་ཆེས་དབང་སྒྱུར་བྱས་པའི་སྐབས་སུ་རྩ་གཏོར་བཏང་བ་དང་། ཁོང་ཚོས་ཧིན་རྡུ་ཆོས་ལུགས་ཀྱི་ལྷ་ཁང་ཤུལ་དེར་ཁ་ཆེའི་ལྷ་ཁང་ཞིག་གསར་དུ་བཞེངས་པ་རེད་ཅེས་རྩོད་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG