ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སིང་ག་ལར་འཚམས་འདྲིར་ཕེབས་པ།


རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་སིང་ག་ལར་འཚམས་འདྲིར་ཕེབས་པ།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཁེ་རི་ཤི་ཎ་ད་རིང་གཟའ་ཕུར་བུ་ནས་གཟའ་ཉི་མ་བར་དུ་ཉི་མ་བཞིའི་རིང་སིང་ལང་ག་ལར་འཚམས་འདྲིར་ཕེབས་ཡོད་པ་དང་། ད་རེས་ཀྱི་འཚམས་འདྲིའི་སྐབས་སུ་རྒྱ་གར་གྱི་དོན་གཅོད་ལས་ཁུངས་གསར་པ་གཉིས་སེང་ག་ལའི་ས་ཐོག་ཏུ་སྒོ་འབྱེད་བྱ་འཆར་ཡོད་ཅིང་། ད་དུང་སྔ་ལོ་སེང་ག་ལའི་ནང་འཁྲུགས་སྐབས་སུ་ཏ་མིལ་མི་རིགས་ཀྱི་སྡོད་ཁང་རྩ་མེད་བཏང་བ་རྣམས་སླར་གསོ་བྱས་ཏེ། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཁེ་རི་ཤི་ཎ་ཡིས་ཏ་མིལ་མི་རིགས་ཀྱི་ཆེད་སྡོད་ཁང་གསར་རྒྱག་བྱས་པ་རྣམས་སྒོ་འབྱེད་ཀྱི་ཡོད་པ་མ་ཟད་ རྒྱ་གར་གྱི་རོགས་སྐྱོར་ལ་བརྟེན་ནས་འཛུགས་སྐྲུན་བྱས་པའི་སེང་ག་ལའི་མེ་འཁོར་ལྕགས་ལམ་གྱི་མཐུད་མཚམས་ཤིག་ཀྱང་ཉམས་གསོ་བྱས་པ་དེར་གཟིགས་ཞིབ་གནང་འཆར་ཡོད་པ་རེད།།

XS
SM
MD
LG