ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༣/༡༢
བོད།
༧གོང་ས་མཆོག་ལ་བྷ་ར་ཏ་རཏྣ་གཟེངས་རྟགས་འབུལ་དགོས་པའི་ལས་འགུལ།
༢༥།༠༨།༢༠༢༠
༧གོང་ས་མཆོག་ལ་བྷ་ར་ཏ་རཏྣ་གཟེངས་རྟགས་འབུལ་དགོས་པའི་ལས་འགུལ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། རྒྱ་གར་བ་སྟོང་ཕྲག་མང་པོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ཏེ། བྷ་ར་ཏ་རཏྣ་འབུལ་དགོས་པའི་འབོད་སྐུལ་དང་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཉེ་ཆར་རྒྱ་དཀར་གཉིས་ལ་བོད་ཀྱི་ས་མཚམས་ཁག་ཏུ་འཁྲུག་རྩོད་བྱུང་བ་དང་སྔ་ལོ་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀས་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་དེར་འགྱུར་ཐེབས་ཀྱི་ཡོད་པ་རེད། ཕྱི་ཚེས་༢༡་ཉིན་རྒྱ་གར་རྒྱལ་ཡོངས་སུ་ཁྱབ་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་དང་འབྲེལ་མཐུད་པ་གཞོན་པ་༡༡་གིས་དྲྭ་ལམ་དུ་ཚོགས་འདུ་ཞིག་བསྐོངས་ནས་ཚོགས་ཞུགས་པ་ཚང་མས་གཅིག་གྱུར་གྱིས་རྒྱ་གར་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བྷ་ར་ཏ་རཏྣ་གཟེངས་རྟགས་འབུལ་དགོས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་ཡོངས་གྲོས་ཚོགས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུས་ནས་གསུང་བཤད་གནང་དུ་འཇུག་དགོས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་གོང་འདེགས་ཡོང་སླད་ཆབ་སྲིད་དང་འཛིན་སྐྱོང་གི་ལས་འགུལ་གང་མང་སྤེལ་ནས་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་ཞེས་གྲོས་སྡུར་བྱས་འདུག
དྲྭ་ལམ་ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནས་འཁོད་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ཀྱིས་རྩ་བའི་ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་འདི་མ་ཚོགས་གོང་དུ་ཕྱི་ཟླ་༧་ཚེས་༢༤་ནས་ད་ལྟའི་བར་དུ་དྲྭ་ལམ་དུ་ཚོགས་འདུ་ཐེངས་༢༦་ལྷག་ཚོགས་ཟིན། ལྷག་པར་དུ་ཟླ་བ་འདིའི་ཕྱི་ཚེས་༡༤་སྟེ། རྒྱ་གར་རང་བཙན་གྱི་སྔ་ཉིན་དེར་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་བྷ་ར་ཏ་བོད་དོན་ཚོགས་པ། ཧི་མ་ལ་ཡའི་ཁྱིམ་ཚང་ཚོགས་པ་སོགས་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་༡༧་གྱི་ཚོགས་འདུ་རྒྱས་པ་ཞིག་ཚོགས་འདུག་ཅེས་བཤད།།
ཐེངས་འདིའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་ཀྱི་ནང་པའི་སྡེ་ཚན་གྱི་ཚོགས་འདུ་དེར་རྒྱལ་ཡོངས་སྤྱི་ཁྱབ་འབྲེལ་མཐུད་པ་གྲོས་ཚོགས་འཐུས་མི་ཟུར་པ་ཁེ་ཨར་ཁི་རི་མཱེ་དང་སྐུ་ཞབས་ཀུལ་དིབ་ཨ་གྷ་ཎི་ཧོ་ཊི་རི། ལྕམ་རུ་བྷི་མུ་ཁེར་ཇཱི་སོགས་ཕེབས་འདུག སྤྱིར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཞིག་ཡོད་པ་དེ་དག་གིས་ལས་གྲུབ་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་གཙོ་གྲས་ཏེ། ནང་པའི་སྒྲིག་འཛུགས་ནི་༢༠༠༢་ལོར་གསར་འཛུགས་བྱུང་སྟེ་བོད་པའི་རང་དབང་འཐབ་རྩོད་ཁག་ལ་རྒྱབ་སྐྱོར་དང་བོད་དོན་གྱི་ལས་འགུལ་ཁག་སྤེལ་དང་སྤེལ་བཞིན་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།
Embed
share
༧གོང་ས་མཆོག་ལ་བྷ་ར་ཏ་རཏྣ་གཟེངས་རྟགས་འབུལ་དགོས་པའི་ལས་འགུལ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:06
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
སི་ཨེ་ཊལ་དུ་བོད་ཀྱི་དུས་སྟོན་ཉེར་ལྔ་པ་སྲུང་བརྩི།
རྒྱ་ནག་གིས་བོད་པ་ཚོ་རྒྱ་གར་ལ་འགྲོ་སྐྱོད་འགོག་དོན།
XS
SM
MD
LG