ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༣/༡༢
བོད།
རྒྱ་ནག་གིས་བོད་པ་ཚོ་རྒྱ་གར་ལ་འགྲོ་སྐྱོད་འགོག་དོན།
༢༥།༠༨།༢༠༢༠
རྒྱ་ནག་གིས་བོད་པ་ཚོ་རྒྱ་གར་ལ་འགྲོ་སྐྱོད་འགོག་དོན།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གར་ལ་བོད་ནས་བཙན་བྱོལ་དུ་འབྱོར་མཁན་ཇེ་ཉུང་དུ་ཕྱིན་ཡོད་ཅིང་། དེ་ནི་བོད་ནང་གི་ཁོར་ཡུག་གཏོར་སྐྱོན་དང་སྐད་ཡིག་སློབ་ཁྲིད་ཀྱི་རང་དབང་མེད་པ་སོགས་དུས་ཐོག་ཏུ་བོད་ཕྱི་ཕྱོགས་སུ་ཁྱབ་ཏུ་མི་འཇུག་རྒྱུའི་ཆེད་དུ་རེད་ཅེས་བོད་ནང་གི་མགོ་ལོག་ཁུལ་གྱི་རྒྱ་གཞུང་གི་ལས་བྱེད་པ་ཟུར་པ་ཞིག་གིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་བྱས་འདུག ཁོང་གིས་ཕྱི་ལོ་༢༠༠༨་ཀྱི་གཞུག་ནས་རིམ་བཞིན་བོད་ནས་བལ་ཡུལ་བརྒྱུད་དེ་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་མཁན་ཇེ་ཉུང་དུ་སོང་ཡོད་པ་རེད། དེ་ནི་གཙོ་བོ་ལམ་ཁྲིད་པ་མང་པོ་ཞིག་རྒྱ་ནག་གིས་འཛིན་བཟུང་བྱས་པ་དང་ས་འཚམས་ཁག་ཏུ་བཀག་སྡོམ་བྱུང་བ། མདོ་ཁམས་ཕྱོགས་ཀྱི་བོད་པ་མང་པོ་ཞིག་ལྷ་སར་འབྱོར་ཏེ་བྲོས་བྱོལ་ལ་འགྲོ་གྲབས་བྱས་མ་ཐག་ཏུ་རྒྱ་གཞུང་གིས་འཛིན་བཟུང་བྱེད་ཀྱི་ཡོད་པ་སོགས་ལ་འབྲེལ་བ་ཡོད་པས་བྲོས་བྱོལ་དུ་འགྲོ་རྒྱུ་མཚམས་ཆད་པའི་གནད་དོན་གཅིག་དེ་རེད་ཅེས་བརྗོད་བྱུང་།།
ཁོང་གིས་མུ་མཐུད་དུ་བརྗོད་དོན། གནད་དོན་གཉིས་པ་ནི་རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་རོང་འབྲོག་མང་ཚོགས་ལ་རོགས་དངུལ་སྤྲོད་པ་དང་ནགས་སྲུང་། རྩྭ་སྲུང་སོགས་ཀྱི་ལས་ཀ་གོ་སྒྲིག་བྱས་ནས་ཁང་པ་འཛུགས་སྐྲུན། ཆུ་དང་གློག་གི་མཐུན་རྐྱེན་སྦྱོར་བ། འབྱོར་མེད་དུད་ཁྱིམ་གྱི་མི་གྲངས་ལྟར་དཔལ་འབྱོར་གྱི་རོགས་དངུལ་སྤྲོད་པ་བཅས་ཀྱིས་བོད་པ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་རྡོག་ཆེན་པོ་ཐེབས་པ་རེད། གནད་དོན་གསུམ་པ་ནི་རྒྱ་གཞུང་གིས་བོད་པའི་འབྲོག་པ་རྣམས་གྲོང་སྡེ་ཅན་དུ་བསྒྱུར་དགོས་ཞེས་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མང་ཚོགས་མཉམ་དུ་བསྡུས་ཏེ་གྲོང་ཁྱེར་གྱི་འཚོ་བའི་རྣམ་པ་ཅན་དུ་བསྒྱུར་པ། འདི་དང་དུས་མཚུངས་སུ་རྒྱ་ནག་གི་རྩ་ཁྲིམས་ལ་འགལ་མི་ཉན་པའི་སློབ་གསོ་ཡང་ནས་ཡང་དུ་གཏོང་གི་ཡོད་པར་མ་ཟད། ཁྲིམས་འགལ་གྱི་རིགས་ལ་ཉེས་ཆད་ཕོག་པ་དང་ཁྱིམ་ཚང་དེའི་བྱིས་པ་རྣམས་སློབ་གྲྭར་འགྲིམ་མི་ཆོག་པའི་བཀག་འགོག་ཐེབས་ཀྱི་ཡོད་པས་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱི་བློ་ཁ་བསྒྱུར་ཡོད་པ་རེད།།
གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་གནས་ཁག་ཏུ་རང་ལུས་མེར་སྲེག་བཏང་བའི་ཛ་དྲག་གི་གནས་ཚུལ་བྱུང་བ་དང་གཏེར་ཁ་སྔོག་འདོན། སྐད་ཡིག་སློབ་ཁྲིད་ཀྱི་རང་དབང་མེད་པ་སོགས་ལ་འབུར་དུ་ཐོན་ཏེ་སྐད་ཆ་བཤད་མཁན་མེད་པར་གྱུར་པ་རེད། ཞིང་ཆེན་གྱི་རྒྱལ་ས་དང་ཁུལ་ཐོག་ཏུ་གཏན་སྡོད་བྱེད་བཞིན་པའི་བོད་པ་མང་པོ་ཞིག་རྒྱ་གཞུང་གི་ལས་བྱེད་པ་ཡིན་པས་རང་གི་འཚོ་བའི་ཡོང་འབབ་ཆེད་དུ་གནད་དོན་མང་པོ་ཞིག་མིག་གིས་མ་མཐོང་བ་དང་ཤེས་རྟོགས་མ་བྱུང་ཁུལ་བྱས་ནས་མི་སྡོད་ཐབས་མེད་དུ་གྱུར་འདུག མདོར་ན་བོད་ཕྱི་ལོགས་སུ་གནས་ཚུལ་མཁོ་སྤྲོད་བྱེད་པ་ལས་རང་གི་འཚོ་བ་དང་བདེ་འཇགས་གལ་ཆེན་ཏུ་བརྩིས་ན་ལེགས་སྙམ་སྟེ་བཤད་མ་ཕོད་པ་རེད་ཅེས་བརྗོད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
རྒྱ་ནག་གིས་བོད་པ་ཚོ་རྒྱ་གར་ལ་འགྲོ་སྐྱོད་འགོག་དོན།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:50
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
བོད་ཀྱི་གྲོང་རྡལ་ཞིག་ཏུ་བྱུང་བའི་སྐྱེ་འཆི།
སི་ཨེ་ཊལ་དུ་བོད་ཀྱི་དུས་སྟོན་ཉེར་ལྔ་པ་སྲུང་བརྩི།
XS
SM
MD
LG