ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

བོད་ཀྱི་གྲོང་རྡལ་ཞིག་ཏུ་བྱུང་བའི་སྐྱེ་འཆི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་གསར་འགོད་པ་དང་རྩོམ་པ་པོ་བྷར་བྷ་རཱ་ཌེ་མིཀ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་བཅའ་སྡོད་ཨ་རིའི་ལོ་སི་ཨན་ཇཱི་ལ་སི་དུས་བབ་ཚགས་པར་གྱི་འགན་འཛིན་ཟུར་པ་ཡིན་ཞིང་། ཁོང་གིས་ཉེ་དུས་བོད་ཀྱི་གྲོང་རྡལ་ཞིག་ཏུ་བྱུང་བའི་སྐྱེ་འཆི་ཞེས་༡༩༣༠་ནས་༢༠༢༠་བར་དུ་ཁྱོན་བསྡོམས་ལོ་༩༠་རིང་དུ་བོད་མདོ་སྨད་རྔ་བ་ས་ཁུལ་དུ་བྱུང་བའི་ཆབ་སྲིད་ཀྱི་ལས་འགུལ་ཁག་དང་དེ་དག་གི་རྒྱབ་ལྗོངས། ཆབ་སྲིད་ཀྱི་དོན་རྐྱེན་ཁག་ལས་འཕྲོས་པའི་ས་ཁུལ་དེའི་མི་མང་སྒེར་གྱི་ངག་རྒྱུན་ལོ་རྒྱུས། ལྷག་པར་དུ་༢༠༠༩་ནས་བཟུང་སྟེ་བོད་ས་ཡོངས་སུ་རང་ལུས་མེ་སྲེག་གཏོང་མཁན་ཤེས་རྟོགས་བྱུང་བའི་གྲངས་༡༥༦་ལྷག་བྱུང་ཡོད་དང་དེ་དག་གི་གྲས་ཀྱི་མི་༥༠་ལྷག་བོད་མདོ་སྨད་ལྔ་བ་གཅིག་པུ་ནས་བྱུང་བ་བཅས་ལ་དབྱེ་ཞིབ་བྱས་ནས་བྲིས་འདུག་ཅིང་། དེབ་འདིར་འཁོད་པའི་མི་སྣ་གཙོ་བོ་ཞིག་ནི་རྔ་བ་ཀིརྟི་དགོན་པའི་གྲྭ་པ་འབྲོང་རབ་བརྟན་ཡིན་པ་དང་ཁོང་ལ་ཨ་རིའི་རླུང་འཕྲིན་ཁང་གིས་༢༠༠༨་ལོར་རྔ་བ་ཁུལ་དུ་བྱུང་བའི་ཞི་རྒོལ། ༢༠༠༩་ནས་བྱུང་བའི་རང་ལུས་མེ་སྲེག་གི་ཞི་རྒོལ་སོགས་རང་གིས་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་རྣམས་བཀོད་ཡོད་པའི་སྐོར། འདི་གའི་གསར་འགོད་པ་སྐལ་བཟང་འཇིག་མེད་ལགས་ཀྱིས་དྷ་ས་ནས་བཏང་བའི་གནས་ཚུལ།

XS
SM
MD
LG