རྒྱ་གར་རང་གིས་བཟོ་སྐྲུན་བྱས་པའི་རྡུལ་ཕྲན་འཕུར་མདེལ་འཁྱེར་པའི་མཚོ་འོག་དམག་གྲུ་ཞིག་ཐེངས་དང་པོར་མཚོ་འགྲུལ་བྱས་ཡོད་ཅིང་། དམག་གྲུ་དེས་རྒྱ་གར་གྱི་མཚོ་དམག་ལ་འཐབ་རྒོལ་གྱི་ནུས་ཤུགས་སྔར་ལས་ཆེ་བ་ཡོད་པ་ཞིག་ཏུ་གྱུར། དབྱེ་ཞིབ་མི་སྣ་ཚོས་རྒྱ་གར་གྱིས་རྒྱ་ནག་གི་རྡུལ་ཕྲན་ནུས་པའི་འཇིགས་སྐུལ་ལ་གདོང་ལེན་བྱ་རྒྱུར་ཤུགས་སྣོན་ཐེབས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་དང་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་མོང་ཁེས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།