ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་སྲིད་བློན་གྱིས་རྒྱ་དཀར་ནག་གི་འབྲེལ་བ་བཟང་ཕྱོགས་སུ་འགྲེལ་བརྗོད་གནང།


ད་རིང་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གིས་རྒྱ་གར་དང་རྒྱ་ནག་གཉིས་མཉམ་ལས་ཐུབ་པའི་གོ་སྐབས་ཧ་ཅང་མང་པོ་ཡོད་རེད་གསུངས་ཏེ་། ཨེ་ཤི་ཡའི་ཡུལ་གྲུ་ཆེ་བ་གཉིས་ཀྱི་འབྲེལ་ལམ་དངངས་ཚབས་ཆེ་རུ་འགྲོ་གི་མེད་པའི་རྣམ་པ་བསྟན་ཡོད་པ་རེད་། དེ་བཞིན་སྲིད་བློན་སིང་གིས་མ་ལེ་ཤི་ཡའི་གཞུང་འཛིན་གྱི་རྒྱལ་ས་པུཊ་ར་ཇ་ཡར་བཟོ་ཚོང་ལས་ཁང་གི་འགོ་ཁྲིད་ཀྱི་འདུ་འཛོམས་སུ་ ང་ཚོས་རྒྱ་གར་དང་རྒྱ་ནག་གི་འབྲེལ་ལམ་འཛིན་སྟངས་ནི་རྒྱ་དཀར་ནག་གཉིས་ཀའི་ཡར་རྒྱས་དང་དམིགས་ཡུལ་སྒྲུབ་རྒྱུར་འཛམ་གླིང་འདིར་སྡིངས་ཆ་རྒྱ་ཆེན་པོ་ཡོད་པ་མཐོང་གིན་ཡོད་བཅས་གསུངས་འདུག།

XS
SM
MD
LG