ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གར་གྱི་དམག་དཔོན་ཚོས་རྒྱལ་སྲུང་དོན་དུ་བློ་འཚབ་བྱེད་པ།


རྒྱ་གར་གྱི་མཐོ་རིམ་དམག་དོན་མི་སྣ་ཚོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དེང་རབས་ཅན་ལ་གྱུར་ནས་ལོ་ངོ་བཅུ་ཕྲག་རེ་ཟུང་ཞིག་སོང་་བ་དང་། ཕྱི་ལོ་༢༠༡༡་འདིར་རྒྱ་ནག་གིས་ཐོན་རིམ་ལྔ་བའི་འཐབ་འཛིང་གནམ་གྲུ་དང་འཐབ་འཛིང་གནམ་གྲུ་ཁྱེར་སྤྱད་དམག་གྲུ་ཞིག་ལ་ཚོད་ལྟ་བྱས་ཏེ། རྒྱ་དཀར་ནག་གཉིས་ལ་དམག་གི་སྟོབས་ཤུགས་ཆ་མཉམ་མེད་པའི་ཁྱད་པར་སྔར་ལས་ཇེ་ཆེར་སོང་མོད། ཡིན་ནའང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོ་ལྐོག་ཟ་དང་དཔོན་ཉམས། སྲིད་དོན་ཚོགས་པ་ཁག་ནང་ཁུལ་གྱི་འགལ་ཟླ་བཅས་ལ་མགོ་འཁོར་ཏེ། རྒྱ་གར་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་བའི་སྲིད་ཇུས་ཐག་ཆོད་པོ་ཞིག་འཛིན་ཐུབ་ཀྱི་མེད་པ་དང་། གལ་ཏེ་རྒྱ་གར་ལ་རྡུལ་ཕྲན་མཚོན་ཡོད་པའི་རྒྱལ་ཁབ་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ཀྱིས་ཚུར་རྒོལ་བྱེད་ཚེ། རྒྱ་གར་གྱི་དམག་གིས་རང་ཡུལ་སྲུང་སྐྱོབ་དང་དགྲ་བོ་ལ་འཐབ་རྒོལ་བྱེད་མི་ཐུབ་པའི་ཉེན་ཀ་ཡོད་ཅེས་ལྟ་ཚུལ་བརྗོད་ཡོད་པ་དང་། གོང་གི་ལྟ་ཚུལ་དེ་རྒྱ་ནག་གི་མཁའ་མཚོ་སྐམ་་གསུམ་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་འགྲོ་བ་དང་། ཨེ་ཤེ་ཡའི་མངའ་ཁུལ་དུ་རྒྱ་ནག་གི་དམག་གིས་བཙན་གཏམ་བཤད་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་སྐབས་སུ་གླེང་ཡོད་པ་སྟེ། བདུན་ཕྲག་སྔོན་མར་རྒྱ་གར་གཞུང་འབྲེལ་མི་སྣ་ཚོས་རང་གི་མཚོ་དམག་གྲུ་གཟིངས་ཤིག་ལ་ཝིཏ་ནམ་གྱི་མཚོ་ཁོངས་སུ་རྒྱ་ནག་གི་མཚོ་དམག་གིས་བཙན་གཏམ་བཤད་་ཡོད་པ་ངོས་ལེན་བྱས་པའི་རྗེས་སུ་བྱུང་ཡོད་པ་རེད།

XS
SM
MD
LG