ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་པ་ན་གཞོན་གཉིས་ཀྱིས་བོད་དོན་སྐོར་སྐྱོད་ལས་འགུལ།


༄༅།། བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་དང་བསྟན་འཛིན་ཉི་མ་རྣམ་གཉིས་ཀྱིས་ལམ་ཐག་སྤྱི་ལེ་༡༥༠་ལྷག་ལ་གོམ་བགྲོད་བྱས་ནས་རྒྱ་གར་གྱི་ཨུ་ཏར་པར་དྷེ་ཤི་མངའ་སྡེའི་མ་ཎི་མའོ་ས་གནས་བརྒལ་ཟིན་ཡོད་ཅིང་། ཁ་སང་ས་གནས་དེའི་རྒྱ་གར་བ་དཀྱུས་མ་ཞིག་གིས་བོད་དོན་ལས་འགུལ་བ་གཉིས་ལ་རྒྱ་ལམ་ཟུར་དུ་འབྲེལ་གཏུག་བྱས་ནས་ཁྱེད་ཚོ་བོད་པ་ཡིན་ནམ་ཞེས་དྲིས། དེ་ནས་རྒྱ་གར་བ་དེས་བོད་པའི་དང་བླངས་དམག་གིས་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་བྱས་ནས་བྱས་རྗེས་གཟེངས་སུ་ཐོན་པ་ཞིག་འཇོག་གི་ཡོད་པ་བཀའ་དྲིན་ཆེན་པོ་ཡིན་ཞེས་བསྔགས་བརྗོད་བྱས་ནས་བོད་དོན་ལས་འགུལ་བ་གཉིས་ལ་ཧིན་སྒོར་༢༠༠་ཐམ་པ་ཞལ་འདེབས་གནང་འདུག

བསྟན་འཛིན་དོན་གྲུབ་ཀྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ང་ཚོར་ཧིན་སྒོར་༢༠༠་ཞལ་འདེབས་གནང་བ་ནི་རྩ་ཆེན་པོ་རེད། ཡིན་ནའང་དེ་ལས་ལྷག་པ་ཞིག་ནི་རྒྱ་གར་བ་དེ་བོད་དོན་ལ་རྒྱུས་མངའ་ཟབ་མོ་ཡོད་ཅིང་། ཁོང་གིས་བོད་པའི་བཟང་སྤྱོད་ལ་བསྔགས་བརྗོད་ཀྱི་སྐད་ཆ་བཤད་པ་དེ་དག་གིས་ང་ཚོར་བརྗོད་དཀའ་བའི་དགའ་འཚོར་ཆེན་པོ་ཞིག་བྱུང་སོང་བར་མ་ཟད། ད་ལྟའི་བར་དུ་ལམ་ཐོག་ཏུ་བྱུང་བའི་དཀའ་ངལ་རྣམས་ཀྱང་བརྗེད་སོང་ཞེས་བཤད།།

བསྟན་འཛིན་དོན་གྲུབ་དང་བསྟན་འཛིན་ཉི་མ་གཉིས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་འབྲས་ལྗོངས་ཀྱི་སྣ་ཐོད་ལའི་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་མགོ་བརྩམས། འདས་པའི་ཟླ་བ་གཅིག་དང་ཉི་མ་༨་ཀྱི་རིང་ལ་གོམ་བགྲོད་བྱས་ནས་རྒྱ་གར་གྱི་ཨུ་ཏར་པར་དྷེ་ཤི་མངའ་སྡེའི་མ་ཎི་མའོ་ས་གནས་སུ་འབྱོར། ཁོ་ཚོ་འབྲས་ལྗོངས་ཀྱི་སྣ་ཐོད་ལའི་བར་དུ་ད་དུང་ཡང་རྒྱང་ཐག་སྤྱི་ལེ་༡༡༠༠་ཡས་མས་ཤིག་ལ་གོམ་བགྲོད་བྱ་དགོས་ཤིང་། ཁོ་ཚོའི་འཆར་གཞི་ལྟར་ན་གནངས་ཉིན་ལཀ་ནའོ་གྲོང་ཁྱེར་དུ་འབྱོར་རྒྱུ། དེ་ནས་ཝ་ར་ཎ་སི་དང་པ་ཊི་ན་གྲོང་ཁྱེར་བཅས་སུ་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་དམིགས་ཡུལ་འཆང་ཡོད་པ་སོགས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG