རྒྱ་གར་གཞུང་གིས་དགེ་ཤེས་ངག་དབང་བསམ་གཏན་ལགས་ལ་ སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བའི་མཛད་རྗེས་ཅན་གྱི་སྐྱེས་བུ་ཞིག་ལ་ངོས་འཛིན་ཞུས་ཏེ་ ཝེ་སཱག་སཱ་མྷན་པྲ་ཤཱསི་ཏི་པཏྲ་ཞེས་པའི་གཟེངས་རྟགས་གནང་ཡོད་ཅིང་ དེ་ཡང་ བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ སྐུ་བལྟམས་པ་དང་ སངས་རྒྱས་པ་ སྐུ་མྱ་ངན་ལས་འདས་པ་བཅས་ དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་ཁྱད་པར་ཅན་ བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་༡༥ལྔའི་ཉིན་ རྒྱ་གར་དབུས་གཞུང་གིས་གོ་སྒྲིག་གནང་སྟེ་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་དམིགས་བསལ་མཛད་སྒོ་ཞིག་འཚོགས་ཡོད་པ་དེའི་ཐོག་ རྒྱ་གར་གྱི་ནང་སྲིད་བློན་ཆེན་གྱིས་དགེ་བཤེས་ངག་དབང་བསམ་གཏན་ལགས་ལ་ གཟེངས་རྟགས་དེ་གནང་ཡོད་པ་རེད་ དེ་ནི་ རྒྱ་གར་གཞུང་གི་ཕྱོགས་ནས་སངས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐད་ ཐུགས་སྣང་ཆེན་པོ་གནང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དགེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་འདུག