རྒྱ་དཀར་ནག་གཉིས་ཀྱི་དམག་དོན་འབྲེལ་བ་སྲ་བརྟན་གཏོང་རྒྱུའི་ཆེད་དུ་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་པར་རི་ཀར་གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་འབྱོར་ཡོད་ཅིང་། ཁོང་གིས་པེ་ཅིང་དུ་གཙོ་ཆེ་བ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་རྒྱལ་སྲུང་བློན་ཆེན་དམག་སྤྱི་ཅང་ཝང་ཀེན། རྒྱ་ནག་གི་དབུས་དམག་དོན་ལྷན་ཁང་གི་སྤྱི་ཁྱབ་གཞོན་པ་དམག་དཔོན་ཧྥན་ཅང་ལོང་བཅས་ལ་གྲོས་མོལ་བྱེད་ཀྱི་ཡོད་རུང་། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་པར་རི་ཀར་དང་མ་འདྲ་བར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལ་དབང་ཆ་དེ་ཙམ་མེད་པས། སྐུ་ཞབས་པར་རི་ཀར་གྱིས་རྒྱ་ནག་གི་དམག་དོན་ལྷན་ཁང་སྤྱི་ཁྱབ་གཞོན་པ་དམག་དཔོན་ཧྥ་ཅང་ལོང་ལ་བཀའ་མོལ་གནང་རྒྱུ་གནད་འགག་ཆེ་བར་བརྩིས་འདུག