ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་བ་ཚོ་འགོག་ཁབ་སྨན་ཐུན་དང་པོས་བློ་ཁ་ཚིམས་པའི་ཉེན་ཁ།


༄༅།། རྒྱ་གར་གྱི་མི་མང་ནར་སོན་པ་བརྒྱ་ཆ་༡༩་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཡོད་པ་དང་མི་མང་བརྒྱ་ཆ་༦༠་ཙམ་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཡོད་ཅིང་། དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་ཇེ་ཉུང་དུ་སོང་སྟེ་སྤྱི་དམངས་ཁག་ཅིག་སྨན་ཐུན་དང་པོའི་འགོག་ཁབ་ཀྱིས་བློ་ཁ་ཚིམས་ཏེ་སྨན་ཐུན་གཉིས་པ་རྒྱག་གི་མེད་པ་ནི་ཧ་ཅང་གི་ཉེན་ཁ་ཞིག་རེད་ཅེས་འཕྲོད་བསྟེན་ལས་སྣེ་ཚོར་སེམས་ཁྲལ་ཡོང་གི་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG