ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་ལ་ནད་དུག་གིས་འཆི་སྐྱོན་བྱུང་བའི་མི་གྲངས་འབུམ་༣་བརྒལ་བ།


༄༅།། རྒྱ་གར་གཞུང་གིས་གཟའ་ཟླ་བའི་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ད་ལྟའི་བར་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་འབུམ་༣་ལྷག་བརྒལ་སྟེ་འཛམ་གླིང་འདིར་ནད་ཡམས་ཀྱིས་འཆི་སྐྱོན་མང་ཤོས་བྱུང་བའི་རྒྱལ་ཁབ་ཨང་གསུམ་པ་དེར་གྱུར་ཡོད་ཅིང་། ད་སྔ་ཨ་མི་རི་ཀར་འཆི་སྐྱོན་བྱུང་བའི་མི་གྲངས་མང་ཤོས་དང་ཨང་གཉིས་པ་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ཡིན་པ་སོགས་ཀྱི་སྐོར། གསར་འགྱུར་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་ལཌ་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG