ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་དང་ཨ་རིའི་བདེ་འཇགས་གྲོས་མོལ།


ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་ལེ་འོང་ཕེ་ཎི་ཊ་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་དང་། གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གཉིས་ལྡི་ལི་གསར་པར་ཐུག་འཕྲད་བྱས་ཏེ། ཁོང་ཚོས་རྒྱ་གར་དང་ཨ་མི་རི་ཀའི་བདེ་འཇགས་སྲུང་སྐྱོབ་ལ་མཉམ་འབྲེལ་བྱེད་རྒྱུ་དང་ཨ་མི་རི་ཀའི་དམག་དོན་འཐབ་ཇུས་ཀྱི་ཁ་ཕྱོགས་ཨེ་ཤེ་ཡར་བསྒྱུར་རྒྱུ། དུས་རབས་༢༡་པ་འདིར་རྒྱ་གར་ཨ་མི་རི་ཀའི་ཟླ་གྲོགས་སུ་འོས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་དགོས་པའི་གྲོས་མོལ་བྱས་པ་མ་ཟད། ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་རྣམ་པའི་གྲོས་གཞི་གཙོ་བོ་ཕྱི་ལོ་༢༠༡༤་ལོར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱེད་རྒྱུ་དང་། ཨབ་གྷ་ཎི་སི་ཐན་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱ་གར་གྱི་འགན་ཁུར་ཆེ་ཙམ་ལེན་རྒྱུ། རྒྱ་ནག་གི་དམག་དོན་དང་དཔལ་འབྱོར་སྟོབས་ཤུགས་རྒྱ་སྐྱེད་འགྲོ་གི་ཡོད་པར་ཁ་གཏད་ཇི་ལྟར་གཅོག་དགོས་མིན་བཅས་ལའང་གྲོས་བསྡུར་ལྷུག་པོ་བྱས་ཡོད་པ་རེད།

XS
SM
MD
LG