ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་བཙན་བྱོལ་བའི་མང་གཙོའི་ལམ་ལུགས་དང་རྒྱ་ནག


བོད་པ་བཙན་བྱོལ་བའི་མང་གཙོའི་ལམ་ལུགས་དང་རྒྱ་ནག

གཟའ་འཁོར་སྔོན་མར་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་རྒྱ་གར་ལ་གཞུང་འབྲེལ་གྱི་འཚམས་འདྲིར་འབྱོར་པའི་སྐབས་བསྟུན་ཏེ། བོད་པ་རང་བཙན་འཐབ་རྩོད་ལ་ཉི་ཤུ་ལྷག་གིས་དབུན་ཅ་པའོ་ལ་ངོ་རྒོལ་བྱས་པ་ནས་རྒྱ་གར་གཞུང་གིས་དོ་དམ་བཀག་ཉར་བྱས་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་ཡི་རྒྱ་གར་གྱི་འཚམས་འདྲི་མཇུག་བསྒྲིལ་པའི་རྗེས་སུ་མི་དེ་ཚོ་བཀག་ཉར་འོག་ནས་གློད་གྲོལ་བཏང་རུང་། རྒྱ་གར་གྱིསབོད་པ་སྐྱབས་བཅོལ་བའི་སྤྱི་ཚོགས་ལ་གནས་ཚང་གཡོར་བཞིན་ཡོད་པ་དེས་རྒྱ་དཀར་ནག་གི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དེ་ལ་མུ་མཐུད་ནས་འགལ་རྐྱེན་ཞིག་རྒྱག་གི་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་དེ་ཉིད་ཆབ་སྲིད་ཀྱི་གནད་འགག་ཆེ་བས་ལམ་རྡོ་ཞིག་ཀྱང་བརྒྱུད་གྲབས་ཡོད་པ་སོགས་ཀྱི་སྐོར། འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ ཁུར་ཊི་ཨ་ཅིན གྱིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

XS
SM
MD
LG