ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་བཟོ་གྲྭ་ཁག་བསྐྱར་དུ་འགོ་ཚུགས་རྒྱུ།


༄༅།། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་སྔོན་འགོག་ཆེད་དུ་ཕྱི་ནང་གཉིས་སུ་འགྲོ་འོང་བཀག་སྡོམ་དང་བཟོ་གྲྭ་ཁག་སྒོ་བརྒྱབ་སྟེ་ཟླ་བ་གཅིག་ཙམ་ཕྱིན་ཡོད་ཅིང་། ད་ལྟ་རྒྱ་གར་གྱི་དཔལ་འབྱོར་ལས་རིགས་དང་བཟོ་ལས་སོགས་བསྐྱར་དུ་འགོ་ཚུགས་ཀྱི་ཡོད་ཀྱང་ནད་ཡམས་སྔོན་འགོག་གི་སྒྲིག་ཁྲིམས་མང་དྲགས་པ་དང་གྲོང་སེབ་ཁག་གི་ལས་རྩོལ་བ་རྣམས་འཕྲལ་དུ་ལས་གྲྭ་ཁག་ལ་ཡོང་ཐུབ་ཀྱི་མེད་པ་སོགས་ཀྱིས་རྒྱ་གར་གྱི་བཟོ་གྲྭ་ཁག་བདེ་བླག་ཏུ་སྒོ་འབྱེད་ཐུབ་རྒྱུ་སྟབས་བདེ་ཞིག་མེད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG