ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གྱི་དམག་མིས་ས་མཚམས་ཀྱི་གནད་ཆེའི་རི་རྩེ་གཅིག་འཇུ་བཟུང་བྱས་སྐོར་བཤད།


རྒྱ་གར་གྱི་མཐོ་རིམ་དམག་དཔོན་གཅིག་གིས་རེས་གཟའ་མིག་དམར་ཉིན་བརྗོད་དོན་ལ་ རྒྱ་གར་དབུས་གཞུང་གིས་ཧི་མ་ལ་ཡའི་རི་བརྒྱུད་ས་མཚམས་ས་ཁུལ་ནང་རྒྱ་དམག་སིམ་འཛུལ་བྱས་སྐོར་གསུངས་རྗེས་རྒྱ་གར་གྱི་དམག་མི་ཚོས་ས་མཚམས་ས་ཁུལ་དེའི་གནད་ཆེའི་རི་རྩེ་བཞི་འཇུ་བཟུང་བྱས་ཡིན་ཞེས་འགྲེལ་བརྗོད་བྱས་འདུག འོན་ཀྱང་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱིས་རྩོད་གཞི་ཡོད་པའི་ས་མཚམས་དབྱེ་བའི་ས་ཐིག་བརྒལ་ཏེ་རྒྱ་དམག་འབྱོར་མེད་ཅིང་། དང་ཐོག་རྒྱ་གར་གྱི་དམག་མིས་འཁྲུག་རྐྱེན་བླངས་སོང་ཞེས་བཤད་ཡོད་པ་བཅས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཟེར་བའི་ས་ཁུལ་ནང་ཟིང་ཆའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་ནམ་མཁའ་བསྟན་འཛིན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།


XS
SM
MD
LG