ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོ་མཁན་བྷར་ཛིལ་ལས་མང་བ་བྱུང་བ།


༄༅།། རྒྱ་གར་ལ་དེ་རིང་གཟའ་ཟླ་བའི་ཉིན་གཅིག་པུར་མི་གྲངས་༡༦༨༠༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་བྱུང་ཡོད་ཅིང་། རྒྱ་གར་ལ་ཧིན་རྡུའི་ཆོས་ལུགས་ཀྱི་དུས་ཆེན་ཀུམ་མེ་ལ་ཚུགས་ཏེ་མི་ས་ཡ་མང་པོ་ཆུ་བོ་གངྒའི་ནང་དུ་འཛུལ་ནས་ལུས་པོ་བཀྲུས་ཏེ་སྡིག་སྒྲིབ་སྦྱངས་པ། ས་གནས་ཁག་ཏུ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་ནས་མི་ཚོགས་བསྡུ་བ། ཉེ་ཆར་རྒྱ་གར་ལ་ཚོན་གཏོར་དུས་ཆེན་བསླེབས་ནས་མི་གྲངས་ས་ཡ་མང་པོ་འདུས་ཏེ་དུས་ཆེན་སྲུང་བརྩི་ཞུས་པ་བཅས་ཀྱིས་རྒྱ་གར་ལ་ནད་དུག་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་ཉེན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG