ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་ལ་ཉིན་རེར་ནད་དུག་འགོས་པའི་མི་འབུམ་༡་ལྷག་འབྱུང་གི་ཡོད་པ།


༄༅།། རྒྱ་གར་གྱི་སྲིད་དོན་པ་ཚོས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་སོགས་ཀྱི་ཆེད་དུ་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པ་སོགས་ཀྱི་རྐྱེན་པས་དེང་སང་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་སྔོན་ཆད་བྱུང་མྱོང་མེད་པའི་ཚད་གཞི་མཐོན་པོར་སླེབས་ཀྱི་ཡོད་ཅིང་། ཉི་མ་གཅིག་ལ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་མིའི་གྲངས་འབོར་འབུམ་གཅིག་ལྷག་བྱུང་བ་ནི་ཨ་མི་རི་ཀའི་འཕྲོ་ནས་རྒྱ་གར་ནད་པའི་གྲངས་འབོར་ཚད་གཞི་མཐོན་པོར་སླེབས་མཁན་རྒྱལ་ཁབ་ཨང་གཉིས་པ་དེར་གྱུར་ཡོད་པ་སོགས་ཀྱི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG