ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱིས་མཐའ་མཚམས་ལ་རྒྱ་ལམ་འཛུགས་སྐྲུན།


༄༅།། རྒྱ་གར་གྱིས་ལོ་བཅུ་ལྷག་ལ་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་ཞིག་གཉེར་པའི་རྗེས་སུ་བདུན་ཕྲག་སྔོན་མར་མཱ་ན་ལི་ནས་ལ་དྭགས་སུ་སྐྱོད་པའི་རོ་ཐང་ལའི་ཕུག་ལམ་ལེགས་གྲུབ་བྱུང་སྟེ་སྒོ་ཕྱེ་ཡོད་ཅིང་། ད་སྔ་དགུན་དུས་ཟླ་བ་༦་གི་རིང་དུ་ལ་དྭགས་ཕྱོགས་སུ་སྐྱོད་པའི་རྒྱ་ལམ་རྣམས་གངས་ཀྱིས་འགགས་ཏེ་རྒྱ་གར་གཞུང་གིས་ལ་དྭགས་ཀྱི་ས་མཚམས་སུ་འགྲེམ་འཇོག་བྱེད་ཡོད་པའི་དམག་ལ་མཁོ་ཆས་རྣམས་མཁའ་ལམ་འབའ་ཞིག་ཏུ་སྐྱེལ་འདྲེན་བྱ་དགོས་ཡོད་མོད། འོན་ཀྱང་རོ་ཐང་ལའི་ཕུག་ལམ་གྲུབ་པའི་རྗེས་སུ་ལ་དྭགས་ཕྱོགས་སུ་ལམ་ཐག་སྤྱི་ལེ་༤༦་དང་དུས་ཡུན་ཆུ་ཚོད་བཞི་ཐུང་དུ་སོང་སྟེ་རྒྱ་གར་གྱི་དམག་དོན་འཐབ་ཇུས་ལ་མཁོ་ངེས་ཅན་གྱི་རྨང་གཞིའི་མཐུན་རྐྱེན་ཞིག་གྲུབ་ཡོད་པའི་སྐོར། འདི་ག་ཝྭི་ཨོ་ཨེ་ཨ་མི་རི་ཀའི་རླུང་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG