ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ཀྱི་གཞོན་ནུ་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ཨ་རི་ནས་རྒྱ་གར་དུ་ཕེབས་པ།


གཟའ་ཕུར་བུའི་ཉིན་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཨ་མི་རི་ཀ་ནས་རྒྱ་གར་དུ་ཕེབས་ཐུབ་ཡོད་པ་རེད། དེ་སྔོན་གཞོན་ནུའི་ཚོགས་གཙོ་རྒྱ་གར་དུ་ཕེབས་རྒྱུར་དམ་དྲག་བྱས་པ་དེ་ད་ཆ་ཕྱིར་འཐེན་བྱས་ཡོད་པ་དང་ ཚོགས་གཙོ་ཚེ་དབང་རིག་འཛིན་རྒྱ་གར་དུ་འབྱོར་མཚམས་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལུས་མེར་བསྲེགས་བཏང་ས་ལྡི་ལི་གསར་པའི་ཇན་ཏར་མན་ཏར་དུ་ཕེབས་ཡོད་པབཅས་ཀྱི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ཚེ་རིང་དབང་རྒྱལ་གྱིས་བཏང་པའི་གནས་ཚུལ་གསན་རོགས་གནང།

XS
SM
MD
LG