ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་གར་ལ་འགྲིམ་འགྲུལ་བཀག་སྡོམ་དང་སྲིད་སྐྱོང་གི་འབོད་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་གར་ལ་འགྲིམ་འགྲུལ་བཀག་སྡོམ་དང་སྲིད་སྐྱོང་གི་འབོད་སྐུལ།

༄༅།། རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཇེ་ཆེར་མི་འགྲོ་བའི་ཆེད་དུ་གྲོང་ཁྱེར་༨༠་ལྷག་གི་མི་མང་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་འདུག དེ་རིང་ཕྱི་ཟླ་༣་པའི་ཚེས་༢༣་ནས་བཟུང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོས་གྲོང་ཁྱེར་ཆེ་ཆུང་༨༠་ལྷག་གི་གྲོང་ཁྱེར་གཞུང་ངམ། ཡང་ན་མངའ་སྡེའི་གཞུང་གིས་སོ་སོའི་མངའ་ཁུལ་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་ལ་གཞིགས་ནས་མི་མང་རྣམས་ཕྱི་ལ་བསྐྱོད་མི་ཆོག་པའི་བཀག་སྡོམ་བཀའ་ཁྱབ་ཅིག་བཏང་ཡོད་ཅིང་། འདི་དང་དུས་མཚུངས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེས་ཕྱི་དྲིལ་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་བོད་པ་བཙན་བྱོལ་བ་ཚོས་རྒྱ་གར་གཞུང་གི་འགྲིམ་འགྲུལ་བཀག་སྡོམ་གྱི་བཀའ་ཁྱབ་ལ་དམ་གཟབ་དང་། དམིགས་བསལ་གྱིས་ཏོག་དབྱིབས་རིམས་ནད་འདིར་གཟབ་ནན་བྱ་དགོས་པའི་འབོད་སྐུལ་ཞུས་འདུག་པའི་གནས་ཚུལ་ཞིག་བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG