ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

རྒྱ་གར་རང་བཙན་དང་བོད་ཀྱི་གནས་བབས།


Watch Kunleng (Windows)

ད་རིང་རྒྱ་གར་རང་བཙན་ཉིན་མོ་ལ་ང་ཚོས་དམིགས་བསལ་འཚམས་འདྲི་ཞུ་གི་ཡིན། རྒྱ་གར་དབྱིན་ཇིའི་དབང་འོག་ལོ་ཉིས་བརྒྱ་ལྷག་ཙམ་གནས་རྒྱུན་རང་བཙན་རྩོད་ལེན་གྱི་བརྒྱུད་རིམ་ནང་འཕེལ་རིམ་སྣ་ཚོགས་བྱུང་ཡོད་པ་དང་། ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་འགོ་སྟོད་ཙམ་ནས་མེས་པོ་དམ་གྷན་དྷིའི་དབུ་ཁྲིད་འོག་རྒྱ་གར་རང་བཙན་རྩོད་ལེན་གྱི་རྣམ་པ་གསལ་དུ་སོང་ནས་མཐའ་མ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་དབྱིན་ཇིའི་དབང་འོག་ནས་རང་བཙན་ཐོབ་ཡོད་པ་རེད། རྒྱ་གར་དང་བོད་གཉིས་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པ་མ་ཟད། ས་འབྲེལ་ཡིན་རྒྱལ་ཁབ་ཡིན་པ་སོགས་ཀྱིས་རྒྱ་གར་དབྱིན་ཇི་གཞུང་དང་བོད་དབར་འབྲེལ་བ་དང་། དེ་རྗེས་རྒྱ་གར་རང་བཙན་ཐོབ་རྗེས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བྱུང་བ་བཅས་ཀྱིས་ད་ལྟའི་བོད་ཀྱི་གནས་བབས་ལ་གལ་ཆེའི་ཤུགས་རྐྱེན་བྱུང་ཡོད། ད་རིང་གི་ཀུན་གླེང་བགྲོ་གླེང་ནང་རྒྱ་གར་རང་བཙན་རྩོད་ལེན་དང་རྒྱ་གར་དབྱིན་ཇི་གཞུང་གི་དུས་དང་རྒྱ་གར་ཐོབ་རྗེས་བོད་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG