ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་དཔལ་འབྱོར་ཉམས་གུད་གནས་སྐབས་རིང་ཡིན་སྐད།


རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གིས་དེང་སྐབས་རྒྱ་གར་གྱི་དཔལ་འབྱོར་ཉམས་གུད་འགྲོ་བཞིན་པ་གནས་སྐབས་ཙམ་ཡིན་པ་དང་། ཁོང་ལ་རྒྱ་གར་གྱི་དཔལ་འབྱོར་རིམ་བཞིན་འཕེལ་རྒྱས་འགྲོ་ཐུབ་རྒྱུའི་ཡིད་ཆེས་དང་གདེང་ཚོད་ཡོད་ཅེས་གསུངས་འདུག་པ་མ་ཟད། སྲིད་བློན་སིང་གིས་འགོ་ཁྲིད་པའི་སྲིད་གཞུང་དེས་རྒྱ་གར་གྱི་ནང་དུ་ལས་དོན་སྒྲུབ་ཕྱོགས་ཀྱང་སྟབས་ཇེ་བདེ་རུ་འགྲོ་བའི་ལས་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཁས་ལེན་གནང་སྟེ། ཁོང་གིས་རྒྱལ་ནང་དང་ཕྱི་རྒྱལ་གྱི་ཁེ་ལས་གཉེར་མཁན་ཚོར་རྒྱ་གར་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དགོས་ཞེས་སྐུལ་མ་གནང་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG